སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མྱི་ཟུར་གྱི་འཁེལ་འཐག་སྒྱུ་རྩལ་པ་ལི་ཆིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལི་ཆིན་ནི་1976ལོར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་སྡེར་སྐྱེས་ལ། 2014ལོའི་ཟླ་3པར་ཡུན་ནན་ཞིང་ཆེན་རིག་གནས་ཐིང་གིས“ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་ལྔ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར”མིང་བཏགས་པ།

        མྱི་ཟུར་ཡུལ་གྱི་འཁེལ་འཐག་ནི་ད་ལྟའི་བར་བུད་མེད་ཀྱིས་འཁེལ་འཐག་པ་དང་སྐྱེས་པས་འཚེམ་བཟོ་བྱེད་པའི་ཁྱད་ཆོས་སོར་འཇོག་བྱས་ཡོད་ལ།  བུད་མེད་ཚོས་གཡག་དང་ལུག་གི་བལ་སྐུད་པར་བཟོ་བ་དང་འཐག་བཏགས་པ་སོགས་བྱས་པ་དང་། སྐྱེས་པ་ཚོས་འཐག་དེ་གྱོན་གོས་དང་འཚོ་བའི་མཁོ་རྫས་སུ་འཚེམ་བཟོ་བྱས་པ།

        ལི་ཆིན་གྱིས་ཆུང་དུས་ནས་ཨ་མ་ལ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་འཁེལ་འཐག་ལག་རྩལ་སྦྱངས་བ་དང་།  དུས་ཡུན་ལོ་བཅུ་ལྷག་གི་སློབ་སྦྱོང་དང་ལག་ལེན་བརྒྱུད་ནས་ད་ལྟར་མོས་མྱི་ཟུར་བོད་ཀྱི་འཁེལ་འཐག་ལག་རྩལ་བརྒྱུད་རིམ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཡོད་ལ། མོས་བཟོས་པའི་འཁེལ་འཐག་ཐོན་རྫས་དག་སྤུས་ལེགས་ཤིང་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན།

        དེ་སྔར་མྱི་ཟུར་བོད་ཀྱི་ལག་ཤེས་འཁེལ་འཐག་ཐོན་རྫས་རང་ཉིད་ཀྱི་གྱོན་གོས་སོགས་བཟོ་བ་ལས་ཉོ་ཚོང་བྱེད་མཁན་ཉུང་བ། ད་ལྟར་ཡུལ་སྐོར་ལས་རིགས་ཀྱི་དར་འཕེལ་ལ་བསྟུན་ནས་མྱི་ཟུར་གྱི་བུད་མེད་མི་ཉུང་བས་ལི་ཆིན་ནས་འཁེལ་འཐག་ལག་རྩལ་སྦྱོང་ཡོད།  ལི་ཆིན་གྱིས་སྐབས་རེར་ཁྱིམ་ནང་འཁེལ་འཐག་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱས་པ་དང་། ས་གནས་དེ་གའི་སྲོལ་རྒྱུན་འཁེལ་འཐག་རིག་གནས་རྒྱུད་འཛིན་དང་ཁྱབ་སྤེལ་གཏོང་བའི་དུས་མཚུངས་སུ་དཔལ་འབྱོར་དར་འཕེལ་ལ་སྐུལ་ཁྲིད་བྱས་ཡོད་པ་རེད།