ལྷ་ཉིང་ལྕགས་ལམ་གྱི་གློག་རླངས་ཅན་གྱི་ཨར་སྐྲུན་ཁྱོན་ཡོངས་ནས་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-10   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

ཟླ1ཚེས་3ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཚོགས་པའི་ཤིའི་ཨན་གློག་རླངས་ཅན་ཀུང་སིའི་ལས་དོན་མི་སྣས་གློག་རླངས་ཅན་གྱི་ཨར་སྐྲུན་ལས་ཀ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (ཅའོ་ཧུང་ཐའོ་ཡིས་པར་བླངས)

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། མིག་སྔར་ལྷ་ཉིང(ལྷ་ས་ནས་ཉིང་ཁྲི་བར)ལྕགས་ལམ་གྱི་གློག་རླངས་ཅན་གྱི་ཨར་སྐྲུན་ཁྱོན་ཡོངས་ནས་སྤེལ་བ་དང་། ཟླ་1པོའི་ཚེས་3ཉིན་བར་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་འཕྲད་འབྲེལ་དྲ་བའི་སྒྲོམ་ལྕོག་བརྒྱ་ཆ་76བཙུགས་ཟིན་ཡོད། ལྷ་ཉིང་ལྕགས་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་435.48ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་པ་དེ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་རེད།