ལོ་སར་རིང་སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ་བྱེད་སྒོ་ཁྱེད་དང་དུས་ལྟར་མཇལ་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉིན་ཤས་གོང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2020ལོའི་བོད་ལྕགས་བྱི་ལོའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།   དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོའི་ཇུས་གཞིཔར་འགྲེམས་བྱས་ཤིང་།  2020ལོའི་ཟླ་1པོའི་ཚེས་26ཉིན་ནས་ཟླ་1པོའི་ཚེས་30ཉིན་བར་ཟླ་འོད་ཐང་ཆེན་ནས་སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ་བྱེད་སྒོ་དུས་ལྟར་བསྡུ་གྲབས་ཡོད་པ་རེད། 

    ཟླ་1པོའི་ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10:00ཡི་ཐོག    2020ལོའི་བོད་ལྕགས་བྱི་ལོའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ།   སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལའི་དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོ་འགོ་རྩོམ་པའི་མཛད་སྒོ་དང་།   རྒན་གྲས་ལ་འཚམས་འདྲི།  རིག་རྩལ་འཁྲབ་སྟོན་བཅས་འཚོགས་རྒྱུ་རེད།   ཕྱི་དྲོའི་ཆུ་ཚོད14:00ཡི་ཐོག་མི་རིགས་ཀྱི་རྒྱན་གོས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འགྲེམས་སྟོན། མི་རིགས་གཞས་པའི་གླུ་གཞས་འདུ་ཚོགས་འཚོགས་ནས་སེམས་ཀྱི་ཉི་ཟླའི་རྒྱན་གོས་རིག་གནས་དང་མི་རིགས་ཀྱི་ཉམས་འགྱུར་མངོན་རྒྱུ་རེད།  ཟླ་1པོའི་ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་བཟུང(ཉིན་ཧྲིལ་པོར)སེམས་ཀྱི་ཉི་ཟླའི་མི་རིགས་གཞས་པའི་གླུ་གཞས་འདུ་ཚོགས་དང་རྒྱལ་ཐང་སྡེ་ཁུལ་གྱི་མི་རིགས་དམངས་ཁྲོད་ཀྱི་གླུ་གར་རོལ་དབྱངས་གཅིག་སྡུད་ཐོག་འཁྲབ་སྟོན་བྱ་རྒྱུ་རེད། ཟླ་1པོའི་ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་བཟུང་རྒྱལ་ཐང་གྲོང་རྡལ་གྱི་རྒན་གྲས་ལ་འཚམས་འདྲི་གནང་བའི་བྱེད་སྒོ་དང་དེ་བཞིན་མི་རིགས་དང་དམངས་ཁྲོད་ཀྱི་གླུ་གར་རོལ་དབྱངས་གཅིག་སྡུད་ཐོག་འཁྲབ་སྟོན་བྱ་རྒྱུ་རེད། ཟླ་1པོའི་ཚེས་29ཉིན་ནས་ཚེས་30ཉིན་བར་ཉིན་རེའི་སྔ་དྲོའི་ཆུ་ཚོད་10:00ནས་འགོ་བཙུགས་ཏེ་མི་རིགས་ཀྱི་དམངས་ཁྲོད་གླུ་གར་རོལ་དབྱངས་གཅིག་སྡུད་ཐོག་འཁྲབ་སྟོན་བྱ་རྒྱུ་ཡིན་པ་སྟེ།  རྒྱལ་ཐང་གྲོང་རྡལ་དང་།  ཡང་ཐང་གྲོང་རྡལ། ཉི་ཤར་ཤང་།  ལྔ་ཤོག་ཤང་།  སྐད་ཚག་ཤང་སོགས་ཀྱི་འཐུས་མི་རུ་ཁག་གིས་འཁྲབ་སྟོན་བྱ་རྒྱུ་རེད།   གཞན་ཡང་ཟླ་1པོའི་ཚེས་28ཉིན་ནས་ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་19:00ནས་21:00བར་ད་དུང་ཐང་ཆེན་གྱི་མེ་ཕུང་དགོང་ཚོགས་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད།

    དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཤང་གྲོང་ཁག་ཏུ་སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལའི་དཔྱིད་གསར་དུས་ཆེན་བསུ་བའི་དམངས་སྲོལ་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོའི་ཡན་ལག་ཚོགས་ར་འཛུགས་རྒྱུ་ཡིན་པ་དང་ཤང་གྲོང་ཁག་གིས་དཔྱིད་གསར་བསུ་བའི་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་རེད།