ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་རིགས་ཁག་གི་མི་སྣ་ཚོས་2019ལོ་འཁོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་13ཉིན་གྱི་ཕྱི་དྲོར།  ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་ལས་རིགས་ཁག་གི་མི་སྣ་ཚོས་2019ལོ་འཁོར་གྱི་བཞུགས་མོལ་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་པོ་ནས་འཚོགས། རང་ཁུལ་གྱི་ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ་དང་ཏང་ཕྱིའི་ཤེས་ཡོན་ཅན།  མི་རིགས་ཏང་ཤོག་གི་མི་སྣ།    སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་འཐུས་མི་མི་སྣ།  སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་དང་ཕྱི་རྒྱལ་གྱི་འཐུས་ཚབ་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་གཞན་གྱི་འཐུས་མི་དག་ལྷན་དུ་འཛོམས་ནས་མཛའ་བརྩེ་ལྷུག་པོར་གླེང་བ་དང་འཕེལ་རྒྱས་སྐོར་མཉམ་དུ་གླེང་བ་རེད།

    ཚོགས་འདུའི་ཐོག་ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ཁུལ་ཡོངས་ཀྱི་2019ལོ་འཁོར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྤྱི་བསྒྲགས་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན།  2019ལོར་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།               ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་དང་བཟང་ཐོག་མྱུར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ།  བྱ་བ་ཧུར་ཐག་སྒོས་སྒྲུབ་པ་དང་དངོས་སྒྲུབ་འཕེལ་རྒྱས་བྱས་ནས་རང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་།  སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྱོང་བཅས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་སྐལ་འདེད་གཏོང་ཡོད། 2019ལོ་ནི་རང་ཁུལ་གྱི་ལས་རིགས་སོ་སོའི་མི་སྣ་དག་གིས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་ནུས་ཤུགས་ཡོད་རྒུས་ལས་ཀའི་རྣམ་པ་གསར་པ་གཏོད་པའི་ལོ་གཅིག་ཡིན་ལ། ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་མི་སྣ་དག་གིས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་བྱམས་བརྩེའི་ཐུགས་ཁུར་འོག    ཞིང་ཨུ་དང་ཁུལ་ཨུ་ཡིས་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པ།  ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྲིད་ཞུགས་སྲིད་མོལ་དང་སྤྱི་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ནས། ལས་དོན་ཁག་འཕེལ་རྒྱས་མྱུར་པོ་བྱུང་ཡོད་པ་དང་རང་ཁུལ་གྱི་ལས་རིགས་སོ་སོའི་མི་སྣ་དག་གི་བདེན་འཚོལ་དངོས་གཉེར་དང་གསར་གཏོད་སྲོལ་འབྱེད་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  ལོ་གསར་པའི་ནང་ལས་རིགས་སོ་སོའི་མི་སྣ་དག་གིས་ངེས་པར་དུ་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བསམ་བློའི་ཐད་བློ་གཅིག་སེམས་གཅིག་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་མཉམ་སྐྱོད་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ནན་ཏན་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་དགོས།  བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་སྔར་ལས་མཐོ་རུ་གཏོང་བ།  སྲིད་ཞུགས་སྲིད་མོལ་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བཅས་བྱས་ནས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་སེམས་ཤུགས་གང་ཡོད་འདོན་དགོས།  ཁུལ་ཨུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ལས་རིགས་ཁག་གི་མི་སྣ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བྱུང་བའི་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་དགོས།

    བཞུགས་མོལ་ཚོགས་འདུའི་ཐོག  རང་ཁུལ་གྱི་ཆོས་ལུགས་ལས་རིགས་དང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར། སྤྱི་ཚོགས་ཀྱི་རིམ་གྲས་གསར་པ། མེས་རྒྱལ་དུ་ལོག་པའི་བོད་རིགས་སྤུན་ཟླ་སོགས་ཀྱི་ཚོགས་ཞུགས་འཐུས་ཚབ་ཁག་ཅིག་གིས་གཏམ་བཤད་སྤེལ་རེས་གནང་བ་རེད།