རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱལ་ཐང་གྲོང་མིས་ཁྱིམ་དུ་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་གནང་བར་ཕེབས་པའི་འབྲེལ་ཡོད་གསར་འགྱུར་ལ་ལྟ་བཞིན་བ།
(པར་རིས་ཡོང་ཁུངས། བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་།)
དཔྱིད་གསར་དུས་ཆེན་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྨྱན་སྦྱོར་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟོག་ཞིབ་དང་བརྟག་ཞིབ་བྱེད་སྒོར་དོ་ཁུར་ཆེན་པོ་བྱེད་པ་དང་།དུས་ཐོག་ཏུ་འབྲེལ་ཡོད་གསར་འགྱུར་སྤེལ་གཏོང་ལ་ཉན་པ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ལ།ལས་བྱེད་པ་དང་མང་ཚོགས་ཀྱི་དབུལ་ཞྭ་ཕུད་པའི་ཡིད་ཆེས་དང་ཆོད་སེམས་འཕེལ་བ་བཅས་བྱས་ཤིང་།རེ་བཅོལ་སྟོང་ཟད་ལ་གཏོང་བར་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་ཐུབ་པ་བྱེད་པའི་འདུན་པ་བསྟན།
རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་གྲོང་མི་བཀྲ་ཤིས་སྨོན་ལམ་གྱིས་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་ཏུ་ཕེབས་པའི་འབྲེལ་ཡོད་གསར་འགྱུར་ལ་བལྟས་རྗེས་རང་ཉིད་ཀྱི་བསམ་ཚུལ་བརྗོད་བཞིན་བ། (པར་རིས་ཡོང་ཁུངས། བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་།)
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་བའི་སྐབས་སུ། ཉི་ཤར་གྲོང་ཚོའི་ཨུ་ལྷན་གསུམ་པའི་ཚན་ཁག་གི་མཉམ་སྡེབ་རྩ་འཛུགས་ཀྱིས་གསར་འགྱུར་ལ་བལྟས་པ་རེད། གྲོང་ཚོའི་ཀྲུའུ་རེན་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པར་འཕེལ་རྒྱས་དམ་འཛིན་བྱེད་པར་ངེས་པར་དུ་གསར་གཏོད་དང་།མཐུན་སྦྱོར། ལྗང་མདོགསྒོ་དབྱེ།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་།དག་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་གནམ་སྔོན་པོ་དང་།ཆུ་དྭངས་མོ།ས་གཙང་བཅས་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་རྒྱུན་ཆད་མེད་པར་ཡག་པོ་བརྒྱབ་ནས་ང་ཚོའི་འབྱུང་འགྱུར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་དགོངས་དོན་ལྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཉི་ཤར་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུ་ཡིན་ཅེས་བཤད།
རྒྱལ་ཐང་གི་བོད་ཀྱི་གྲོང་ཚོ།
ཀོང་རྩེ་ར་གྲོང་རྡལ་མདོ་ཐུང་གྲོང་ཚོའི་ལྷ་མོ་ཡིས་ངས་གསར་འགྱུར་ནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་ཡུན་ནན་དུ་ཕེབས་པ་མཐོང་སྐབས་སེམས་སུ་དགའ་སྤྲོ་ཆེན་པོ་ཐེབས་སོང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ང་ཚོའི་མང་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ཚོར་བྱུང་ལ།དུད་ཚང་དབུལ་པོ་ཞིག་ཡིན་པའི་ངོས་ནས་ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་ཆེན་པོ་གནང་ཞིང་།ད་ཆ་ང་རང་དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་ཡོད་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་མོའི་ཁྱིམ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་སྡོད་ཁང་གསར་པ་བརྒྱབ་ཡོད་ལ།ཐོན་ལས་ཀྱང་འཕེལ་རྒྱས་བྱུང་ཡོད་དེ། ཡོང་འབབ་ཡག་པོ་ཡོད་པ་རེད།
འབའ་ལུང་རྫོང་གི་དབུལ་སྐྱོང་གནས་སྤོའི་ཁྱིམ་མི་ཡུས་ཧོ་ཀྲིས་སྤྱི་ཁྱབ་ཧྲུའུ་ཅི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་།དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་དབུལ་པོའི་བདེ་སྡུག་ལ་ཐུགས་ཁུར་གནང་གི་ཡོད་པས་ང་སེམས་འགུལ་ཆེན་པོ་ཐེབས་བྱུང་།དབུལ་སྒྲོལ་ཕྱུག་འགྱུར་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
འབའ་ལུང་རྫོང་གི་བཟོ་བ་ལི་ཁྲེང་ཡུན་གྱིས་ལས་ཀ་ལས་ཞོར་དུ་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་བའི་འབྲེལ་ཡོད་གསར་འགྱུར་ལ་ལྟ་བཞིན་པ།