བདེ་ཆེན་ཁུལ་གྱིས་འགོས་ནད་སྔོན་འགོག་གི་ལས་ཀ་ཡག་པོ་སྒྲུབ་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏོག་དབྱིབས་འགོས་ནད་ཀྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་སྒྲིག་བཀོད་བྱས་རྗེས་ཁུལ་ཡོངས་ཀྱིས་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་བཀོད་སྒྲིག་ནན་མོ་བྱེད་བཞིན་ཡོད་དེ། ཟླ་1ཚེས་25ཉིན་བདེ་ཆེན་ཁུལ་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།    མིག་སྔར་སྨན་ཁང་དུ་ཟུར་འཇོག་ལྟ་ཁང་6བཙུགས་པ་ཡོད་ལ། ཟུར་འཇོག་ནད་ཁང་8ཡོད་པ་དང་ནད་ཁང་ནང་གི་འགོ་ནད་ཁུལ། སྦགས་བཙོག་ཕྱེད་ཁུལ། སྦགས་བཙོག་ཁུལ་སོགས་ལོགས་སུ་ཕྱེ་ཡོད་དེ། ནད་པ་དང་སྨན་དོན་མི་སྣའི་བགྲོད་ལམ་ཡང་ལོགས་སུ་དབྱེ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགན་ལེན་ཡག་པོ་བྱས་ཡོད།

ཁུལ་མི་དམངས་སྨན་ཁང་ནང་གི་ལས་རེས་སྨན་པ།

 གུང་གསེང་མེད་པའི་སྨན་ཚོང་ཁང་ནང་གི་བྲེལ་ཚུབ་ཀྱི་རྣམ་པ།

སྨན་པས་ལམ་འགག་ན་ལམ་འགྲོ་བར་བརྟག་དཔྱད་བྱེད་བཞིན་པ།

        ཁུལ་སྤྱི་བདེ་ཅུས་ཀྱིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ཐེངས་མང་འཚོགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་ཆེད་དོན་བཀོད་གཏོང་བཀོད་སྒྲིག་བྱས་པ་རེད། མིག་སྔར་ཁུལ་དེ་ཡོངས་ཀྱི་དེ་སྔའི་ཞིབ་བཤེར་ས་ཚིགས་ཀྱིས་འཛིན་བཟུང་ལས་སྒྲུབ་རྒྱུན་འཁྱོངས་བྱས་པ་ཕུད་རིམས་ནད་ཀྱི་ས་ཚིགས་8གསར་དུ་བསྣན་ཡོད་ལ། ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་མཉམ་དུ་གཙོ་གནད་ས་ཁུལ་གྱི་མི་སྣ་དང་རླངས་འཁོར་ལ་ཞིབ་བཤེར་བྱས་ཏེ། ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་གྲལ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།

ལམ་འགག་ན་ལས་རེས་བྱེད་བཞིན་པའི་ཉེན་རྟོག་པ།

        འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་ཁུལ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་མཐའ་དག་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བཤད་པ། 

ཉེ་བའི་ལོ་ཤས་རིང་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཛ་དྲག་གི་དུས་བབ་འཕྲད་ཡོད་དེ། དཔྱིད་གསར་དུས་ཆེན་རིང་། རང་རེའི་ཁུལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཅུང་མང་བ་དང་ཆོས་ལུགས་བྱེད་སྒོ་མང་པོ་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། ཟླ་1ཚེས་25ཉིན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་ཁུལ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚང་མར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གིས་རྩ་དོན་ཐོག་གནས་མཇལ་བར་སྣེ་ལེན་ཞུ་མི་དགོས་ཞེས་བཤད་པ་རེད། ཆོས་ལུགས་བྱེད་སྒོ་སྤེལ་སའི་ལས་རེས་དགེ་རྒན་དང་ལས་སྒྲུབ་མི་སྣ་ཕྱི་རུ་མི་འགྲོ་བ་གང་ཐུབ་བྱེད་པ་དང་།  ཚེས་25ཉིན་ནས་བཟུང་ཁུལ་དེ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གིས་སྤེལ་རྩིས་ཡོད་པའི་ཆོས་ལུགས་བྱེད་སྒོ་ཡོད་ཚད་སྤེལ་འཚམས་འཇོག་དགོས་པ་དང་སླར་གསོ་བྱེད་པའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏོང་རྒྱུ་ཡིན་པ་བསྒྲགས། 

        མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་དུ་གནས་སྐབས་སྒོ་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀར་ཧུར་ཐག་བྱས་པ། 

        ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་མི་ཚོགས་འདུ་འཛོམས་བྱས་པ་ལས་བྱུང་བའི་འགོ་ནད་ཀྱི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱ་ཆེད། ཟླ་1ཚེས་25ཉིན་ནས་བཟུང་ཟླ་བ་དང་པོའི་ལུང་ཤུར་མཛེས་ལྗོངས་ཁུལ་དང་། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ། པོ་ཏ་མཚོའི་མཛེས་ལྗོངས་ཁུལ། སྲོང་བཙན་གླིང་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་ཁག་གི་མཛེས་ལྗོངས་ཁུལ་གནས་སྐབས་སྒོ་བརྒྱབ་ཅིང་། མིག་སྔར་མཛེས་ལྗོངས་ཁུལ་ཁག་གིས་དྲ་ཐོག་ནས་སྤ་སེ་ཉོས་ཟིན་པའི་ཡུལ་སྐོར་བས་སྤ་སེ་ཕྱིར་སློག་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་ལེགས་པར་སྒྲུབ་བཞིན་ཡོད།