ཏོག་དབྱིབས་ནད་དུག་དཔེ་གསར་ཅན་ཇི་ལྟར་སྔོན་འགོག་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-27   རྩོམ་ཁུངས།    མི་དམངས་དྲ་བ།

        སྤྱི་ཟླ་དང་པོའི་ཚེས20ཉིན། ཧུའུ་པེ་ཞིང་ཆེན་སོགས་ས་ཆ་མང་པོ་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་དཔེ་སྙན་ཞུ་ཞུས་པར་དམིགས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས། ཉེ་ཆར་ལན་བཏབ་པ་སྟེ། མིག་སྔར་རིམས་ནད་བྱུང་ཚུལ་སྔར་བཞིན་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ་ཟེར།

        གསར་འགོད་པས་ཀྲུང་གོ་རིམས་ནད་སྔོན་འགོག་ནས་ཤེས་རྟོགས་བྱུང་གསལ། ཏོག་དབྱིབས་ནད་དུག་དཔེ་གསར་ཅན་འདི་རིགས་ནིSARS、MERSཡི་ནད་རིགས་དང་མི་འདྲ་ཞིང་། མིག་སྔར། ཐོག་མའི་ཞིབ་བཤེར་བྱས་པ་ལས་མངོན་གསལ། ནད་འདི་རིགས་ནི་མི་དང་མིའི་བར་ཁྱབ་སྤེལ་ནུས་པ་དང་ནད་འགོས་པའི་རང་བཞིན་ནིSARSལས་ཞན་ཞིང་། དེའི་ཕྱིར། འདིའི་ཐད་ལ་འཇིགས་སྣང་སྐྱེས་དགོས་ཀྱི་མེད། དེ་ཡིན་ན། ང་ཚོས་རང་ཉིད་ངོས་ནས་ཏོག་དབྱིབས་གློག་ཚད་ནད་འགོས་པ་ལ་སྔོན་འགོག་ཇི་ལྟར་བྱེད་དགོས་ཟེར་ན།

        ཀྲུང་གོ་རིམས་ནད་སྔོན་འགོག་ལྟེ་གནས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁག་གི་མཁས་དབང་གི་ལྟ་ཚུལ་ལ་གཞིགས་ན། མང་ཚོགས་ཀྱིས་སྔོན་འགོག་བྱེད་པར་གཤམ་གསལ་ཕྱོགས་བཞིའི་ཐད་ཡིད་འཇོག་དགོས་པ་སྟེ།
        གཅིག་ནི་ལག་པ་ཡག་པོ་བཀྲུ་བ། བཟའ་ཅ་བཟོ་བ་དང་གྲ་སྒྲིག་བྱེད་པའི་སྔོན་བར་མཇུག་གསུམ་དང་། ལུ་བ་དང་ཧབ་སྦྲིད་རྒྱག་པའི་རྗེས། ནད་པ་སྙོར་སྐྱོང་བྱེད་དུས། གསང་སྤྱོད་ལ་ཕྱིན་རྗེས་དང་ཟས་མ་ཟོས་པའི་སྔོན། ལག་པར་དྲི་མ་འགོས་རྗེས། སྲོག་ཆགས་དང་སྲོག་ཆགས་ཀྱིས་གཤང་གཅིན་གཙང་བཤེར་རྗེས་བཅས་སུ་དེ་མ་ཉིད་དུ་འདག་རྫས་དང་། ཆང་བཅུད་ཡོད་པའི་ལག་བཀྲུ་གཤེར་ཁུ་དང་ཆུ་གཙང་མས་ལག་པ་བཀྲུ་དགོས།

        གཉིས་ནི་རང་འགུལ་གྱིས་སྔོན་སྲུང་བྱེད་པ། རང་ཉིད་གློ་ལུ་དང་ཧབ་སྦྲིད་རྒྱག་པའི་དུས། ཤོག་བུ་དང་ཕུ་ཐུང་ཁའམ་གྲུ་མོས་ཁ་སྣ་ཁྱོན་ཡོངས་སྒྲིབ་པ་དང་། བེད་སྤྱད་ཟིན་པའི་ཤོག་བུ་དེ་མ་ཉིད་དུ་ཁ་ལེབ་ཅན་གྱི་གད་སྙིགས་སྒམ་ནང་དུ་བླུགས་པ་དང་། ལག་པ་བཀྲུ་དགོས། ནད་འགོས་སླ་མཁན་དག་ནི་མི་མང་འདུ་ས་ལ་མི་འགྲོ་བ། ཁ་རས་གྱོན་ན་ནད་རྩ་དང་འབྲེལ་བ་བྱེད་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། སྔོན་སྲུང་བྱེད་མེད་པའི་གནས་ཚུལ་འོག་ནད་པ་དང་འབྲེལ་བ་ཟབ་མོ་མི་བྱེད་པ་དང་། མིག་དང་ཁ་སྣ་བཅས་ལ་ཐུག་རེག་མི་བྱེད་པ། དུས་མཚུངས་སུ། ཁྱིམ་ཚང་དང་ལས་གནས་སུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ་བྱེད་དེ། ཁོར་ཡུག་གཙང་སྦྲ་བྱེད་པ།

        གསུམ་ནི་འབྲེལ་བ་དམ་ཟབ་མི་བྱེད་པ། སྔོན་འགོག་མེད་པའི་གནས་ཚུལ་འོག་གསོ་སྐྱོང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་ཐག་ཉེ་བའི་ས་ནས་ཐུག་རེག་མི་བྱེད་པ། ནད་འགོས་པའི་སྲོག་ཆགས་དང་ཤ་རུལ་བ་ལ་ཐུག་རེག་མི་བྱེད་པ། ཁྲོམ་རའི་ནང་གི་ཁྱི་ལྡོམ་དང་གད་སྙིགས་ཆུ་སྙོག་ལ་ཐུག་རེག་མི་བྱེད་པ།

        བཞི་ནི་ཉེན་མེད་ཟ་འཐུང་གི་གོམས་གཤིས་བཟང་པོ། ཤ་དང་སྒོ་ང་སོགས་ཚོས་རྗེས་སུ་ཟ་བ། ཟས་རྗེན་པ་ནས་བཙོས་མར་བཟོ་དུས་ལག་པ་བཀྲུ་དགོས། གཙབ་གདན་དང་ཚལ་གྲི་སོ་སོར་དབྱེ་དགོས་པ་བཅས་སོ།།