རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-04   རྩོམ་ཁུངས།    ཁམས་པའི་དྲ་བ།
ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ནུས་ལྡན་སྒོས་སྔོན་འགོག་དང་དུས་ཐོག་ཏུ་ཚོད་འཛིན་ཞིང་མེད་པར་གཏོང་བ། མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག རྒྱུན་ལྡན་གྱི་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་བའི་ཆེད། 2003ལོའི་ཟླ5ཚེས7ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས7པའི་ཐོག《ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མཁོ་བསྟུན་གྱི་སྲོལ་ཡིག》གྲོས་འཆམས་བྱུང་ནས2003ལོའི་ཟླ5ཚེས9ཉིན་བསྒྲགས་ནས་ལག་བསྟར་བྱས།
གཅིག ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞེས་པ་དེ་གང་ལ་གོ་དགོས།
ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞེས་པ་ནི་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཟེར་བ་རེད། སྤྱི་ཚོགས་དང་མང་ཚོགས་ཀྱི་བདེ་ཐང་ལ་ཚབས་ཆེན་གྱི་རིམས་ནད་འགོ་བ་དང་ནད་ཀྱི་འབྱུང་ཁུངས་མི་ཤེས་པའི་ཚོགས་སྤྱིའི་རང་བཞིན་ལྡན་པའི་རིམས་ནད། ཚབས་ཆེན་གྱི་ཟས་རིགས་དང་ཆེད་ལས་ཀྱི་དུག་ཕོག་པ། ད་རུང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཆེ་བའི་དོན་རྐྱེན་གཞན་དག་ལ་གོ་དགོས།
གཉིས། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་རིམ་པ་གང་དག་ཡོད།
ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ངོ་བོ་དང་གནོད་འཚེ་ཆེ་ཆུང་། ཁྱབ་རྒྱ་ཆེ་ཆུང་དག་ལ་དམིགས་ནས། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་རིགས་བཞི་དབྱེ་ཡོད་དེ། ཆེས་ཚབས་ཆེན་ནམ་རིམ་པ་དང་བོ། ཚབས་ཆེན་ནམ་རིམ་པ་གཉིས་པ། ཅུང་ཚབས་ཆེན་ནམ་རིམ་པ་གསུམ་པ། སྤྱིར་བཏང་ངམ་རིམ་པ་བཞི་བ་བཅས་སོ།།
གསུམ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་མཁོ་བསྟུན་དང་ལེན་ལ་རིམ་པ་བཞི་དང་གོ་བ་ཅི་ལྟར་ལེན་དགོས།
ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ཤུགས་རྐྱེན་ཆེ་ཆུང་དང་གནོད་འཚེ་ཐེབས་ཚུལ་སོགས་ལ་དམིགས་ནས། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་མཁོ་བསྟུན་དང་ལེན་ལ་རིམ་པ་བཞི་དབྱེ་ཡོད་དེ། རིམ་པ་དང་བོའི་དང་ལེན་དང་རིམ་པ་གཉིས་པའི་དང་ལེན། རིམ་པ་གསུམ་པའི་དང་ལེན། རིམ་པ་བཞི་བའི་དང་ལེན་བཅས་སོ།།
རིམ་པ་དང་བོའི་དང་ལེན་ནི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆེས་ཚབས་ཆེན་བྱུང་ཚེ། ཞིང་ཆེན་བཀོད་འདོམས་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་གཅིག་གྱུར་གྱི་བཀོད་འདོམས་ལྟར། རང་གི་སྲིད་འཛིན་མངའ་ཁོངས་སུ་མཁོ་བསྟུན་བཀོད་སྒྲིག་ལས་དོན་རྩ་འཛུགས་དང་རོགས་ལས་བྱ་དགོས་པ་ཡིན།
རིམ་པ་གཉིས་པའི་དང་ལེན་ནི་ཞིང་ཆེན་བཀོད་འདོམས་པུའུ་ཡིས་མྱུར་དུ་བཀོད་འདོམས་པུའུ་ཡི་ཁོངས་མི་དང་ཆེད་མཁས་པ་རྩ་འཛུགས་བྱས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་རིམ་པ་གཉིས་པའི་དང་ལེན་བྱ་རྒྱུ་མགོ་རྩོམ་པ་ཐག་གཅོད་པར་མ་ཟད། འབྲེལ་ཡོད་ལས་ཁུངས་སོ་སོར་མཁོ་བསྟུན་གོ་རིམ་མགོ་རྩོམ་པ་བཀའ་བསྒྲགས་དགོས།
རིམ་པ་གསུམ་པའི་དང་ལེན་ནི་ས་གནས་ཡན་གྱི་གྲོང་ཁྱེར་དང་ཞིང་ཆེན་ཐད་གཏོགས་རྫོང་གི(གྲོང་ཁྱེར་དང་ཆུས)ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མཁོ་བསྟུན་བཀོད་འདོམས་ལས་ཁུངས་ཀྱིས་མྱུར་དུ་ལས་ཁུངས་སོ་སོའི་ཁོངས་མི་དང་ཆེད་མཁས་པ་རྩ་འཛུགས་བྱས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་རྗེས། ས་གནས་ཡན་གྱི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རིམ་པ་གསུམ་པའི་མཁོ་བསྟུན་དང་ལེན་མགོ་རྩོམ་རྒྱུ་ཐག་གཅོད་བྱ་དགོས་པ་ཡིན།
རིམ་པ་བཞི་བའི་དང་ལེན་ནི་རྫོང་གི་(གྲོང་ཁྱེར་དང་ཆུས)ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མཁོ་བསྟུན་བཀོད་འདོམས་ལས་ཁུངས་ཀྱིས་ལས་ཁུངས་སོ་སོའི་ཁོངས་མི་དང་ཆེད་མཁས་པ་རྩ་འཛུགས་བྱས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་རྗེས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རིམ་པ་བཞི་བའི་མཁོ་བསྟུན་དང་ལེན་མགོ་རྩོམ་རྒྱུ་ཐག་གཅོད་བྱ་དགོས་པ་ཡིན།
བཞི། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་རིགས་གང་དག་ཡོད།
དོན་རྐྱེན་བྱུང་ལུགས་དང་ངོ་བོ་དག་ལ་དམིགས་ནས། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་བཤམ་གྱི་རིགས་བཅུ་ཡོད་དེ།
གཅིག ཚབས་ཆེན་གྱི་རིམས་ནད།
གཉིས། ནད་ཀྱི་འབྱུང་ཁུངས་མི་ཤེས་པའི་ཚོགས་སྤྱིའི་རང་བཞིན་ལྡན་པའི་རིམས་ནད།
གསུམ། ཚབས་ཆེན་གྱི་ཟས་དུག་དང་ཆེད་ལས་ཀྱི་དུག་ཕོག་པ།
བཞི། གསར་བྱུང་གི་རིམས་ནད།
ལྔ། ཚོགས་སྤྱི་རང་བཞིན་གྱི་འགོག་སྨན་མི་འཕྲོད་པ་དང་སྨན་མི་འཕྲོད་པ།
དྲུག ཚབས་ཆེན་གྱི་ཁོར་ཡུག་བཙོག་པ་བཟོ་བ།
བདུན། ཉིང་རྡུལ་གྱི་དོན་རྐྱེན་དང་འཕྲོ་འོད་ཀྱི་དོན་རྐྱེན།
བརྒྱད། སྐྱེ་དངོས་དང་རྫས་འགྱུར། ཉིང་རྡུལ་འཕྲོ་ཐིག་ཁྱབ་མཆེད།
དགུ། རང་བྱུང་གནོད་འཚེས་མི་ཤི་རྨས་དང་རིམས་ནད་འབྱུང་བ།
བཅུ། ད་རུང་མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་གཞན་དག་གོ།།