ཏོག་དབྱིབས་ནད་དུག་གསར་པ་འགོག་སྲུང་བྱ་ཐབས་ཀྱི་དྲིས་ལན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-08   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

        དང་པོ།  ཏོག་དབྱིབས་ནད་དུག་གསར་བ་འགོ་བར་ཇི་ལྟར་སྔོན་འགོག་བྱ་དགོས་སམ།

        1.ནད་རིམས་འགོ་ཁྱབ་ཆེ་བའི་ས་གནས་སུ་མི་འགྲོ་བ་དང་རིམས་ནད་འགོ་ཁྱབ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་དང་ཐག་ཉེར་འབྲེལ་ཐུག་མི་བྱེད་པ།

        2.རིམས་ནད་འགོ་ཁྱབ་ཆེ་བའི་ས་ཁུལ་དུ་སྡོད་པའི་མི་རྣམས་ཕྱི་རུ་མི་འགྲོ་བ་དང་ཕྱི་རུ་འགྲོ་དུས་ཁ་རས་རྒྱག་པ་དང་ནང་དུ་སླེབས་དུས་ལག་པ་བཀྲུ་དགོས།

        3.གལ་ཏེ་ཁྱིམ་དུ་རིམས་ནད་འགོ་ཁྱབ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་ཡོད་ཚེ་མི་དེ་དང་ཁྱིམ་གྱི་མི་གཞན་རྣམས་ཁང་པ་མི་འདྲ་བའི་ནང་དུ་ལོགས་བཀར་བྱས་ནས་འདུག་ཏུ་འཇུག་དགོས་ལ་ཁ་རས་རྒྱག་པ་དང་། ལག་པ་མང་ཙམ་བཀྲུ་བ། ཁྱིམ་ཆས་ཐུན་མོང་ཐོག་མི་སྤྱོད་པ་བཅས་བྱ་དགོས།

        4.མི་ཚོགས་འདུ་འཛོམས་ཆེ་བའི་ས་གནས་སུ་མི་འགྲོ་བ།  སྒོ་བརྒྱབ་པ་དང་རླུང་འགྲོ་ཡག་པོ་མེད་པའི་སྤྱི་པའི་ས་གནས་དང་མི་ཚོགས་འདུ་འཛོམས་བྱེད་གནས་སུ་མི་འགྲོ་བ། ལྷག་པར་དུ་བྱིས་པ་དང་རྒན་འཁོགས་དེ་བཞིན་རིམས་འགོག་ནུས་པ་ཞན་པའི་མི་ཚོགས་ས་གནས་དེ་དག་ལ་འགྲོ་མི་རུང་། ཕྱི་རོལ་དུ་ཐོན་དུ་ཁ་རས་རྒྱག་དགོས།

        5.སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ལེགས་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་རེད།

        6.གཟུགས་པོ་སྦྱོང་བརྡར་ལ་ཤུགས་སྣོན་དང་ཆོས་ཉིད་དང་མཐུན་པའི་ངལ་གསོ་བྱས་ནས་རང་ཉིད་ཀྱི་གཟུགས་པོའི་རིམས་འགོག་ནུས་པ་མཐོ་རུ་གཏོང་དགོས།

        7.མི་སྒེར་གྱི་གཙང་སྦྲ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་པ།

        8.དུས་ཐོག་ཏུ་ལྟ་ཞིབ་དང་སྨན་པ་བསྟེན་པ།

        གཉིས་པ།  ཉེ་ཆར་རིམས་ནད་འགོ་ཁྱབ་ཆེ་བའི་ས་ཁུལ་དུ་སོང་མྱོང་བ་རང་ཉིད་ཀྱི་སྡོད་གནས་སུ་ལོག་རྗེས་ཡིད་གཟབ་བྱ་དགོས་པ་ཅི་ཡོད་དམ།

        གལ་ཏེ་ཉེ་ཆར་རིམས་ནད་འགོ་ཁྱབ་ཆེ་བའི་ས་ཁུལ་ཝུའུ་ཧན་སོགས་སུ་སོང་མྱོང་བ་རང་ཉིད་ཀྱི་སྡོད་གནས་སུ་ལོག་རྗེས་ལྷག་པར་དུ་ཡིད་གཟབ་བྱ་དགོས་པ་ནི་རང་ཉིད་དང་ཉེ་འགྲམ་གྱི་མིའི་གཟུགས་པོའི་གནས་ཚུལ་ལ་ཡིད་འཇོག་ཆེན་པོ་བྱེད་དགོས་པ་མ་ཟད། སྤྱི་པའི་གནས་དང་མི་ཚོགས་འདུ་འཛོམས་ཀྱི་ས་གནས་སུ་འགྲོ་མི་རུང་། གལ་ཏེ་ཚ་བ་རྒྱས་པ་དང་། ནུས་ཤུགས་ཉམས་པ། སྐམ་ལུ་བྱེད་པ། ཤ་རྒོད་ཟུག་གཟེར་རྒྱག་པ། དབུགས་སྣ་ཐུང་བ་སོགས་ཀྱི་ནད་རྟགས་བྱུང་ཚེ་ངེས་པར་དུ་ཡང་དག་པའི་སྒོ་ནས་ཐེངས་གཅིག་སྤྱོད་པའི་སྨན་སྤྱོད་ཁ་རས་བརྒྱབ་ནས་ལམ་སེང་སྨན་པ་བསྟེན་དགོས་པ་དང་། སྨན་པ་བསྟེན་སྐབས་ངེས་པར་དུ་རང་འགུལ་ངང་སྨན་པར་རང་ཉིད་ཝུའུ་ཧན་ལ་སོགས་ཕྱིན་པའི་གནས་ཚུལ་དང་འབྲེལ་གཏུག་བྱས་པའི་གནས་ཚུལ་གསལ་པོ་ཞུ་དགོས་པ་རེད།