ཡིག་རིས་ཟུང་ལྡན་གྱིས་རིམས་འགོག་ཤེས་བྱ་ངོ་སྤྲོད་བྱས། ༡

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-08   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

        ཉེ་དུས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཚན་རིག་ཁྱབ་སྤེལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་རྣམ་པ་མི་འདྲ་ཞིང་། (དཔེ་དེབ།  དྲིལ་བསྒྲགས་ཤོག་ལྷེ། འགེལ་ཐང་།)མི་ཚོགས་མི་འདྲ་བར་ (དར་མ། བྱིས་པ།) ཁ་གཏད་པའི་ཚན་རིག་གི་སྔོན་འགོག་ཚོད་འཛིན་ཀློག་དེབ་སྟེ།《ཚན་རིག་གི་འགོག་སྲུང་ལ་བརྟེན་ན། རིམས་འགོག་གི་གཡུལ་ལས་རྣམ་པར་རྒྱལ་ངེས།》དང་《ཚན་རིག་གིས་བློ་སྒོ་འབྱེད་པ།—ན་ཆུང་བྱིས་པ་ཚོར་ཕུལ་བའི་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་རིས་དེབ།》《ཚན་རིག་གི་འགོག་སྲུང་དང་རིམས་ནད་སྐོར་གྱི་དྲི་བ་དྲིས་ལན》བཅས་ཀྱི་གློག་རྡུལ་པར་གཞི་དང་ཤོག་དཔར་མ་གཉིས་དུས་གཅིག་ཏུ་དཔེ་སྐྲུན་བྱས་ཡོད་ལ། དེ་རིང་ནས་ན་ཆུང་བྱིས་པའི་བོད་རྒྱ་སྐད་གཉིས་ཀྱི་རིམས་འགོག་དཔེ་དེབ་《ཚན་རིག་གིས་བློ་སྒོ་འབྱེད་པ།——ན་ཆུང་བྱིས་པ་ཚོར་ཕུལ་བའི་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་རིས་དེབ》ཅེས་པ་འདིའི་ནང་དོན་ཁག་འགའ་བགོ་སྟེ་བཀོད་རྒྱུ་ཡིན།

(མུ་འགོད།)