དམིགས་བསལ་ཅན་གྱི་ལོ་གསར་བཅོ་ལྔའི་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་8ཉིན་ནི་རང་རྒྱལ་གྱི་སྲོལ་རྒྱུན་གྱི་ལོ་གསར་བཅོ་ལྔའི་དུས་ཆེན་ཡིན་ལ། ད་ལོར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་བའི་རྐྱེན་གྱིས་ལོ་གསར་བཅོ་ལྔའི་དུས་ཆེན་ཅུང་དམིགས་བསལ་ཅན་དུ་གྱུར་ཡོད།

        ཚེས་8ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་བརྩེ་བའི་ཁེ་ལས་འགའ་ཡིས་སྔ་རྗེས་སུ་ཐང་ཞང་ཅཱ་ཞིའུ་མགྲོན་ཁང་དང་ཀོ་ལིན་ཧའོ་ཐའེ་མགྲོན་ཁང་། ཞང་ལའེ་ཧྭ་མགྲོན་ཁང་དུ་རིམས་ནད་འགོག་སྲུང་གི་དབང་གིས་སེམས་ཀྱི་ཉི་ཟླར་ལུས་པའི་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་དང་ལས་གནས་དང་པོར་ཡོད་པའི་ལས་བྱེད་མི་སྣ་དག་ལ་ཡོན་ཞའོ་དང་དུས་ཆེན་གྱི་འཚམས་འདྲི་ཕུལ་ནས་སེམས་ཀྱི་ཉི་ཟླའི་གཟིགས་སྐྱོང་དང་ཐུགས་ཁུར་ཚོར་དུ་བཅུག

        ལོ་གསར་བཅོ་ལྔའི་དུས་ཆེན་གྱི་ཉིན་དེར་བདེ་ཆེན་དུ་མི་ཁག་གཅིག་གིས་གློ་ཚད་ཀྱི་རིམས་ནད་འགོག་སྲུང་བྱས་ནས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཤིང་། ཁོང་ཚོ་ནང་མི་དང་མཉམ་འཛོམས་བྱེད་མི་ཐུབ་ཀྱང་བརྩེ་དུང་ཟབ་མོ་ཚོར་ཡོད།

        ཚེས་8ཉིན། བདེ་ཆེན་ནོར་བུ་དང་ཁོའི་ཨ་མས་ཡོན་ཞའོ་ཁྱེར་ནས་ཀོང་རྩེད་ར་གྲོང་རྡལ་ཧྥུ་ལུང་ཟམ་པའི་རིམས་ནད་འགོག་སྲུང་འགག་གནས་ཐོག་གི་ལས་བྱེད་མི་སྣ་དག་ལ་ཕུལ།

        ཉེ་དུས།  ཀོང་རྩེད་ར་གྲོང་རྡལ་ཧྥུ་ལུང་ཟམ་པའི་རིམས་ནད་འགོག་སྲུང་འགག་གནས་སུ་ལས་བྱེད་པ་དང་མང་ཚོགས་དག་གི་སྟེར་པའི་དངོས་རྫས་མི་ཉུང་བ་འབྱོར་ཡོད་ལ། རིམས་ནད་བྱུང་བ་ནས་བཟུང་། ལས་ཁུངས་དག་གི་ལས་རེས་མི་སྣ་མ་གཏོགས། ཀོང་རྩེད་ར་གྲོང་རྡལ་གྱི་ཏང་ཡོན་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། དེ་མིན་མང་ཚོགས་དག་གིས་རང་འགུལ་ངང་གྲོང་ཚོའི་འགག་གནས་སུ་ལས་རེས་ནན་པོ་བྱས་ཡོད་པ་རེད།

        ལོ་གསར་བཅོ་ལྔའི་ཉིན་དེར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འགོ་ཁྲིད་དང་ཉེ་འགྲམ་གྱི་གྲོང་མི་དག་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་གི་རིམས་ནད་འགོག་སྲུང་འགག་གནས་ཀྱི་ལས་བྱེད་མི་སྣ་དག་ལ་ཟས་རིགས་གསར་བ་དང་འགོག་སྲུང་སྤྱོད་ཆས།  དུས་ཆེན་གྱི་འཚམས་འདྲི་སོགས་བསྐྱལ་ཡོང་བ་རེད།

        ལུའོ་ཅི་ཤང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་ཡོད་ལ། སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་དང་ས་དམ་གྲོང་ཁྱེར་ཡུས་ལུང་རྫོང་ནས་སེམས་ཀྱི་ཉི་ཟླར་སླེབས་པའི་བགྲོད་ལམ་ཞིག་ཡིན། ཟླ་1པོའི་ཚེས་26ཉིན་ནས་བཟུང་། ཤང་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་ལས་ཁུངས་དང་སྤྱི་བདེ་མངག་གཏོང་སུའོ།  དེ་མིན་སྨན་ཁང་གི་འཐེན་སྐོང་མི་སྣ་དག་གིས་མུའུ་ཧྲེང་ཐུའུ་ཕུག་ལམ་གྱི་ལམ་ཁར་འགག་གནས་བཙུགས་ཏེ་ཉིན་མཚན་ཀུན་དུ་ལས་རེས་བྱས་ནས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་དང་མི་སྣ་ལ་ཡུལ་དངོས་ནས་གཟུགས་པོར་བརྟག་དཔྱད་བྱས་པ་དང་བདེ་འཇགས་ངང་དུག་སེལ་བྱས་པ། དེ་མིན་འབྲེལ་རེ་རེ་བཞིན་ཐོ་འགོད་ཀྱང་བྱས་པ་རེད།

         ད་ལོའི་ལོ་གསར་བཅོ་ལྔའི་དུས་ཆེན་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་ཆེད། སེམས་ཀྱི་ཉི་ཟླའི་ཡུལ་མི་མི་ཉུང་བས་ནང་མི་ཡོངས་ཀྱིས་ལྷན་དུ་ཡོན་ཞའོ་བཟོ་བ་དང་། འགའ་རེས་ཅའོ་ཙི་དང་རྒྱ་ཁོག་བཟོ་བ།  འགའ་རེས་ད་དུང་ས་གནས་འདི་གའི་སྲོལ་རྒྱུན་བཟའ་བཅའ་སྟེ་ཟས་སྣ་སོགས་བཟོས་ནས་རང་ཁྱིམ་རང་བསྡད་དེ་ དྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་མྱོང་བ་རེད།