རྩོམ་པ་པོ།   ཀླུ་འབུམ་ཚེ་རིང་གིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2020-02-22   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས21ཉིན་གྱི་ཆུ་ཚོད0ནས24ཡི་རིང་། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ397གྱིས་མང་དུ་ཕྱིན་པ་དང་། ཚེ་འདས་ནད་པ109(ཧུའུ་པའེ་རུ106དང་། ཧུ་པའེ། ཧྲང་ཧའེ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ1རེ་ཡོད།) ཡིས་མང་དུ་ཕྱིན་ཡོད། དོགས་ཡོད་ནད་རྟགས་ཡོད་པའི་ནད་པ1361གིས་མང་དུ་ཕྱིན་ཡོད། ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2393གྱིས་མང་དུ་ཕྱིན་ཡོད་པ་དང་། འབྲེལ་འདྲིས་ཡོད་མཁན་མི26441ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག ནད་པ་ལྕི་མོ156གིས་ཉུང་དུ་ཕྱིན་ཡོད་པ་རེད།
ཟླ2པའི་ཚེས21ཉིན་གྱི་ཆུ་ཚོད24ཡི་བར་དུ། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ53284(དེའི་ནང་ནད་པ་ལྕི་མོ11477)ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ20659ཡོད་ལ། ཚེ་འདས་ནད་པ2345ཡོད། སྙན་ཞུའི་ནང་བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ76288ཡོད། ད་ལྟ་དོགས་ཡོད་ནད་རྟགས་ཐག་བཅད་པའི་ནད་པ5365བཅས་ཡོད་པ་དང་། བསྡོམས་པས་འབྲེལ་འདྲིས་ཡོད་མཁན་མི618915ཡི་རྗེས་འདེད་ཐུབ་ཡོད་པ་མ་ཟད། ད་དུང་འབྲེལ་འདྲིས་ཡོད་པའི་མི113564ལ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།
ཧུའུ་པའེ་རུ་ནད་རྟགས་ཐག་བཅད་པའི་ནད་པ366(ཝུའུ་ཧན་དུ314)གིས་མང་དུ་ཕྱིན་པ་དང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1767(ཝུའུ་ཧན་དུ992)གིས་མང་དུ་ཕྱིན་ཡོད་ལ། ཚེ་འདས་ནད་པ106(ཝུའུ་ཧན་དུ90)གིས་མང་དུ་ཕྱིན་ཡོད། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ47647(ཝུའུ་ཧན་དུ36680)གྱིས་མང་དུ་ཕྱིན་ཡོད། དེའི་ནང་ནད་པ་ལྕི་མོ10892(ཝུའུ་ཧན་དུ9555)ཀྱིས་མང་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ13557(ཝུའུ་ཧན་དུ7206)ཡོད་པ་དང་། ཚེ་འདས་ནད་པ2250(ཝུའུ་ཧན་དུ1774)ཡོད། བསྡོམས་པས་ནད་རྟགས་ཐག་བཅད་པའི་ནད་པ63454(ཝུའུ་ཧན་དུ45660)ཡོད། དོགས་ཡོད་ནད་རྟགས་ཐག་བཅད་པའི་ནད་པ1125(ཝུའུ་ཧན་དུ927)ཡིས་མང་དུ་ཕྱིན་ཡོད། ད་ལྟ་དོགས་ཡོད་ནད་རྟགས་ཡོད་པའི་ནད་པ4490(ཝུའུ་ཧན་དུ3414)བཅས་ཡོད།
བསྡོམས་རྩིས་བྱས་པ་ལྟར་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་རྟགས་ཐག་བཅད་པའི་ནད་པ104ཡོད་ལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ68(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ6ཡོད་པ་དང་། ཚེ་འདས་ནད་པ2)ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ10ཡོད་ལ། (ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ6ཡོད།) ཐའེ་ཝན་ས་ཁུལ་དུ་ནད་པ26(ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ2དང་། ཚེ་འདས་ནད་པ1ཡོད།)བཅས་ཡོད་པ་རེད།
མཆན། ཧུའུ་པའེ་ཞིང་ཆེན་གྱི་ཟླ2པའི་ཚེས19ཉིན་ཉུང་དུ་བཏང་བའི་ནད་པའི་གྲངས་ཀ་བསྐྱར་དུ་ནད་རྟགས་ཐག་བཅད་པའི་ནད་པའི་སྟེང་ཁ་སྣོན་བྱས་ཡོད་པ་དང་། ཉིན་རེའི་གསར་བྱུང་ནད་པའི་གྲངས་ཀར་དག་བཅོས་བྱས་ཡོད། དེར་བརྟེན་ཟླ2པའི་ཚེས19ཉིན་གྱི་ཆུ་ཚོད་0ནས24ཡི་བར། རྒྱལ་ཡོངས་སུ་གསར་དུ་ནད་རྟགས་ཐག་བཅད་པའི་ནད་པ820རུ་བཅོས་ཡོད་པ་དང་། རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་པའི་ནད་རྟགས་ཐག་བཅད་པའི་ནད་པ75002སུ་བཅོས་ཡོད། རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་པའི་སྨན་ཁང་ནས་ཕྱིར་བུད་པའི་ནད་པ16157དུ་བཅོས་ཡོད། ཟླ2པའི་ཚེས20ཉིན་གྱི་ཆུ་ཚོད0ནས24བར། རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་པའི་ནད་རྟགས་ཐག་བཅད་པའི་ནད་པ75891ཏུ་བཅོས་པ་དང་། རྒྱལ་ཡོངས་སུ་བསྡོམས་རྩིས་བྱས་པའི་སྨན་ཁང་ནས་ཕྱིར་བུད་པའི་ནད་པ18266ཏུ་བཅོས་ཡོད་པ་བཅས་ཡིན། །