ཟླ་2པའི་ཚེས་23ཉིན་གྱི་ཆུ་ཚོད་12བར་ཡུན་ནན་དུ་ནད་གཞི་གཏན་འཁེལ་གྱི་ནད་དཔེ་གསར་སྣོན་བྱས་མེད།རིམ་རྩིས་བྱས་ན་ནད་དཔེ་174གཏན་འཁེལ་བྱུང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-23   རྩོམ་ཁུངས།   

       ཟླ་2པའི་ཚེས་23ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་12པའི་བར།   ནད་གཞི་གཏན་འཁེལ་གྱི་ནད་དཔེ་གསར་སྣོན་བྱས་མེད་པ་དང་། ནད་གཞི་དྲག་སྐྱེད་བྱུང་བའི་ནད་དཔེ་8(ཀྲའོ་ཐུང་གྲོང་ཁྱེར་དུ་ནད་དཔེ་4དང་། ཤིས་ཧྲོང་པན་ན་ཁུལ་ལ་ནད་དཔེ་3   ཆུས་ཅིང་གྲོང་ཁྱེར་དུ་ནད་དཔེ་1བཅས་ཡོད།) ཟླ་2ཚེས་23ཉིན་གྱི་ཆུ་ཚོད་12བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ནད་དཔེ་174གཏན་འཁེལ་བྱས་ཡོད་པ་དང་།   དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་འབུད་མཁན་115ཡོད་ཅིང་།     ནད་པ་2རྐྱེན་ལམ་དུ་ཤོར་འདུག    ད་ཆ་ནད་གཞི་ཕོག་མཁན་57གཏན་འཁེལ་བྱས་པའི་ནང་ནད་གཞི་ཚབས་ཆེན་ཕོག་མཁན་1དང་ནད་གཞི་ལྕི་པོ་ཕོག་མཁན་1ཡོད། ད་ལྟ་དོགས་གཞི་ཡོད་པའི་ནད་དཔེ་32ཡོད།

      ཁུལ་དང་གྲོང་ཁྱེར་ཁག་གིས་རིམ་རྩིས་བྱས་པའི་ནད་གཞི་གཏན་འཁེལ་བྱས་པ་ནི།    ཁུན་མིང་གྲོང་ཁྱེར་དུ་ནད་དཔེ53དང་སྨན་ཁང་ནས་ཐོན་པའི་ནད་པ་32ཡོད།     ཀྲའོ་ཐུང་གྲོང་ཁྱེར་དུ་ནད་དཔེ25དང་སྨན་ཁང་ནས་ཐོན་པའི་ནད་པ་14ཡོད།       ཤིས་ཧྲོང་པན་ན་ཁུལ་དུ་ནད་དཔེ15དང་སྨན་ཁང་ནས་ཐོན་པའི་ནད་པ་12   རྐྱེན་ལམ་དུ་མི1ཤོར།  ཡུས་ཞི་གྲོང་ཁྱེར་དུ་ནད་དཔེ14དང་སྨན་ཁང་ནས་ཐོན་པའི་ནད་པ9   རྐྱེན་ལམ་དུ་མི1ཤོར།   ཆུས་ཅིན་གྲོང་ཁྱེར་དུ་ནད་དཔེ13དང་སྨན་ཁང་ནས་ཐོན་པའི་ནད་པ9ཡོད།   ཏ་ལི་གྲོང་ཁྱེར་དུ་ནད་དཔེ13དང་སྨན་ཁང་ནས་ཐོན་པའི་ནད་པ་11ཡོད།     པའོ་ཧྲན་གྲོང་ཁྱེར་དུ་ནད་དཔེ9དང་སྨན་ཁང་ནས་ཐོན་པའི་ནད་པ་4ཡོད།  ཧུང་ཧོ་ཁུལ་དུ་ནད་དཔེ9དང་སྨན་ཁང་ནས་ཐོན་པའི་ནད་པ་4ཡོད།    ས་དམ་གྲོང་ཁྱེར་དུ་ནད་དཔེ7དང་སྨན་ཁང་ནས་ཐོན་པའི་ནད་པ་7ཡོད།       ཏའེ་ཧོང་ཁུལ་དུ་ནད་དཔེ5དང་སྨན་ཁང་ནས་ཐོན་པའི་ནད་པ་2ཡོད།     ཕུའུ་ཨེར་གྲོང་ཁྱེར་དུ་ནད་དཔེ4དང་སྨན་ཁང་ནས་ཐོན་པའི་ནད་པ4ཡོད།    ཁྲུའུ་ཞུང་ཁུལ་དུ་ནད་དཔེ4དང་སྨན་ཁང་ནས་ཐོན་པའི་ནད་པ4ཡོད།   ཝུན་ཧྲན་ཁུལ་དུ་ནད་དཔེ2དང་སྨན་ཁང་ནས་ཐོན་པའི་ནད་པ་1ཡོད། ལིན་ཚང་གྲོང་ཁྱེར་དུ་ནད་དཔེ1དང་སྨན་ཁང་ནས་ཐོན་པའི་ནད་པ་1ཡོད།