རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར། བདེཆེན་ཁུལ་གྱི་རྗོང་དང་གྲོང་ཁྱེར་གྱིས་ཞིང་ཆེན་དང་ཁུལ་གྱི་རིམས་འགོག་དང་། ཐོན་སྐྱེད་དང་ལས་ཀ་སླར་ཡང་འགོ་བརྩམས་པའི་རེ་འདུན་ལྟར། གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བརྩམས་པ་དང་བདེ་འཇགས་ཀྱིས་ཐོན་སྐྱེད་བྱེད་དེ། རིམས་འགོག་དང་དཔལ་འབྱོར་གཉིས་དལ་འགོར་མི་བྱེད་པ་དང་ཕྱོགས་གཉིས་དམ་འཛིན་བྱེད་པ་ཁག་ཐེག་བྱས་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་སྒོ་རྩིས་ཁང་རྣམས་ཀྱིས་སྔ་ཕྱི་བྱས་ནས་སྒོ་ཕྱེས་པ།
སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་མགྲོན་ཁང་རྣམས་ཀྱིས་སྔ་ཕྱི་བྱས་ནས་སྒོ་ཕྱེས་པ།
ཁུལ་ནང་གི་སྤྱི་སྤྱོད་འགྲིམ་འགྲུལ་དང་གླ་གཏོང་རླངས་འཁོར། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་སོགས་ཚེས་21ཉིན་ནས་བཟུང་སླར་ཡང་གཏོང་འགོ་བརྩམས་ཤིང་། ཁུལ་ནང་གི་འགྲུལ་སྐྱེལ་རླངས་འཁོར་ཚེས་22ཉིན་གཏོང་འགོ་བརྩམས་ལ། ཞིང་ཆེན་ནང་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཚེས་23ཉིན་ནས་བཟུང་གཏོང་འགོ་བརྩམས་པ་རེད།
ཟླ་2པའི་ཚེས་23ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་ས་གནས་བོད་མིས་འཕྲུལ་ཆས་ཀྱིས་ཞིང་རྨོ་ནས་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་བཞིན་པ།
ཟླ་2པའི་ཚེས་23ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་ས་གནས་དབྱི་རིགས་གྲོང་མིས་ཞིང་རྨོས་ནས་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་བཞིན་པ།