སེམས་ཀྱི་ཉི་ཟླ་ལ་ཡུན་ནན་གྱི་མཛེས་ཤོས་ལྡན་པའི་རྫོང་གི་མིང་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཉིན་ཤས་གོང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་རྫོང་གྲོང་ཞེས་མིང་བཏགས་པའི་སྐོར་གྱི་བརྡ་ཐོ་བཏང་ཞིང་། སེམས་ཀྱི་ཉི་ཟླ་ལ་ཡུན་ནན་ཞིང་ཆེན་གྱི་རྫོང་མཇེས་ཤོས་ཀྱི་མིང་བཏགས་པ་རེད། 

      ན་ནིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཙང་མ་དང་། སྡོད་ཁང་། ཁྱད་ལྡན་བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་གསུམ་ལ་དམ་པོར་དམིགས་པ་དང་གྲོང་ཁྱེར་དྲུག་གིས་མཉམ་དུ་གཏོད་པའི་ལས་དོན་ཟུང་འབྲེལ་གྱིས་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཟུང་འབྲེལ་ཁུལ་གྱི་ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་གྲོང་ཁྱེར་གྱི་ཤར་སྐྱེད་པ། ལྷོ་སྲིངས་པ། བྱང་འདེགས་པ། ནུབ་ཚོད་འཛིན་པ། དཀྱིལ་ཡངས་པ་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་གྲོང་ཁྱེར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ནུས་པའི་བཀོད་པ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཐོན་ལས་ཀྱི་བཀོད་པ་ཉིན་རེ་བཞིན་ལུགས་མཐུན་དུ་གྱུར་པ། གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་ཕྱིན་པ་དང་མཛེས་སྡུག་གི་རྣམ་པ་བསྐྲུན་པར་ནུས་པ་ཆེན་པོ་ཐོན་པ་རེད། 

 གཙང་ཞིང་གྲལ་དག་པ།  གྲོང་ཁྱེར་མཛེས་ཤིང་ལྟ་ན་སྡུག་པ། 

      ཐུན་མོང་མ་ཡིན་ཞིང་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་། འཕྲོད་བསྟེན་གཙང་ཞིང་གྲལ་འགྲིག་པའི་གྲོང་ཁྱེར་གྱི་ཁོར་ཡུག    སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས།    གནའ་བོའི་ངོ་མཚར་ཆེ་བའི་ཆོས་ལུགས་རིག་གནས་སོགས་ལ་གདེང་འཇོག་ཡག་པོ་ཐོབ་ཡོད། 
      མཛེས་སྡུག་ལྡན་པའི་རྫོང་འཛུགས་སྐྲུན་བྱེད་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གསར་གཏོད་ལས་དོན་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གསང་སྤྱོད་དང་། ལམ། ཁྲོམ་ལམ། ཆུ། འཕྲོད་བསྟེན་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཤིང་། དོ་དམ་བྱ་ཐབས་ལེགས་སུ་བཏང་བ། རྒྱུན་མཐུད་དྭངས་གཙང་གི་འགན་ལེན་ལམ་སྲོལ་བཙུགས་པ། གསང་སྤྱོད་གསར་བརྗེ་དེ་དམངས་འཚོའི་འདུ་འགོད་ལ་བརྩིས་ནས་དམ་འཛིན་བྱས་པ། ཡུལ་སྐོར་རིག་ནུས་གསང་སྤྱོད་འཛུགས་སྐྲུན་གྱི་ནང་དོན་དང་གྲོང་ཁུལ་གྱི་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་མཉམ་འདྲེས་བྱས་པ། ད་ཆ་གནའ་གྲོང་དང་། ཀླུ་ཆུ་སྤྱི་གླིང་། ཉི་མ་སེར་པོའི་ཐང་ཆེན། ཁྲིམས་ལུགས་ཐང་ཆེན། ཡང་ཐང་ལམ་བཅས་ལ་རིག་ནུས་གསང་སྤྱོད་5བསྐྲུན་ཡོད་པ་རེད། 

སྐྱེ་ཁམས་བཟང་ཞིང་འཚོ་བར་འཚམ་པ།  གྲོང་ཁྱེར་སྔར་ལས་མཛེས་ཤིང་སྡུག་པ། 

     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རི་བོ་གཉིས་དང་ཆུ་བོ་གསུམ་གྱི་རི་ཆུ་མ་ལག་ལ་བརྟེན་ནས་སྤང་ལྗོངས་སྤྱི་གླིང་ཆེ་ཆུང་21བསྐྲུན་ལ། མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པའི་འགྲོ་ལམ་མ་ལག་ཀྱང་བསྐྲུན་ཟིན། མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་སྤྱི་པའི་རླངས་འཁོར་འཇོག་གནས་སུ་གཞུང་ལམ་གྱི་རླངས་འཁོར་འཇོག་གནས་1690དང་ཐང་ཆེན་དང་སྤྱི་གླིང་གི་རླངས་འཁོར་འཇོག་གནས་525ཚུད་ཡོད་དེ། དེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། ཉིན་རྒྱུན་འགག་ཆེ་བའི་འགྲིམ་འགྲུལ་ཁོར་ཡུག་གི་གནོན་ཤུགས་ཆུང་དུ་ཕྱིན་ནས་མང་ཚོགས་ལ་སྟབས་བདེ་དང་། མྱུར་བར་འགྲོ་འདུག་བྱེད་པར་ཆ་རྐྱེན་མཁོ་འདོན་བྱས་ཡོད་པ་རེད། གྲོང་ཁྱེར་གྱིས་ད་དུང་5Gཚོད་ལྟའི་སྦྲེལ་ཚུགས་བསྐྲུན་ནས་ཁྲོམ་གཞུང་14དང་ལམ་སྒྲོན་486སྒྲིག་སྦྱོར་བྱས་པ་རེད། 

ཁྱད་ཆོས་དམིགས་སུ་ཐོན་ཞིང་།  ཚད་མཐོའི་སྤུད་ཚད་ལྡན་པ།

      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པ་3དང་། ཞིང་ཆེན་རིམ་པ་8 ཁུལ་རིམ་པ་39 རྫོང་རིམ་པ45བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོད་ལ། སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་ནི་སེམས་ཀྱི་ཉི་ཟླའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་གྲུབ་ཆའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ནས་བོད་རིགས་གཙོ་བོར་བྱས་པའི་མི་རིགས་མང་བོའི་རིག་གནས་དང་། མངོན་མིན་རིག་གནས་ཤུལ་བཞག གསར་བརྗེའི་རིག་གནས་བཅས་མཉམ་འདྲེས་བྱས་ཏེ་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་དང་མཉམ་འདྲེས་བྱས་ཏེ་རྡོ་མཁར་རྫོང་གི་མེ་ཏོག་ཁྲོམ་གཞུང་དང་། སེམས་ཀྱི་ཉི་ཟླའི་ཟླ་འོད་ཁྲོམ་གཞུང་སོགས་ཁྱད་ཆོས་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་ནུས་ཤུགས་ཡོད་རྒུས་བཏོད་དེ་གྲོང་ཁྱེར་གྱི་རིག་གནས་སྤུས་རྟགས་མཐོ་རུ་བཏང་ཡོད། 

      ད་ཆ་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་འཚོ་སྡོད་འོས་འཚམ། ཡུལ་སྐོར། ལས་གཉེར་བཅས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞིག་བདེ་ཆེན་དུ་དར་འཕེལ་བྱུང་བ་དང་མཛེས་ཤིང་ལྟ་ན་སྡུག་པའི་མཐོ་སྒང་གི་གྲོང་ཁྱེར་ཞིག་དལ་གྱིས་སྐྲུན་བཞིན་ཡོད།