ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-06   རྩོམ་ཁུངས།   

       ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2019)》ཁྱབ་བསྒྲགས་བྱས། སྤྱི་བསྒྲགས་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས་ས་ཁུལ་དེའི་ཆུ་ཁུངས་གསོག་ཚད་ལོ་རེར་ཆ་སྙོམས་འཕར་ཚད6%ཡན་ཟིན་པ་དང་། རྩྭ་ཐང་ཁྱབ་ཚད་དང་རྩྭ་ཐོན་ཚད་སོ་སོར་ལོ་བཅུའི་གོང་ལས11%དང་30%ཡན་འཕར་ནས་སྐྱེ་ཁམས་སྣོད་བཅུད་ཀྱི་གནས་ཚུལ་སྤྱིའི་ཆ་ནས་བརྟན་བརླིང་གི་རྣམ་པ་ཆགས་ཤིང་། ཆ་ཤས་ལེགས་སྒྱུར་དང་ཆ་ཤས་ཞན་འགྱུར་མཉམ་གནས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། 

དེ་ནི“མཚེའུ་སྟོང་གི་རྫོང”གི་མཚན་སྙན་ལྡན་པའི་རྨ་སྟོད་ས་ཁོངས་ཀྱི་སྐར་ཚོམ་མཚེའུ་ཡིན།

(2014ལོའི་ཟླ་8ཚེས་13ཉིན) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝུའུ་ཀང་གིས་པར། 

    སྤྱི་བསྒྲགས་ཀྱིས་བསྟན་དོན། མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་ཚང་མ་སྐྱེ་ཁམས་ཐིག་དམར་ནང་བཅུག་ཡོད། 2019ལོར་ས་གནས་དེ་གས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཐེངས8སྤེལ་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་རི་སྐྱེས་སྲོག་ཆགས་འཚོ་ཡུལ61ལ་སྐོར་ཞིབ་བྱས་ཤིང་། རང་བྱུང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་སྲིད་འཛིན་གྱོད་གཞི4ཐོ་འགོད་མྱུལ་ཞིབ་བྱས་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ས་ཁོངས་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད།  

    ཚན་རྩལ་ལ་མ་དངུལ་བཏང་བའི་ཐད། སྤྱི་བསྒྲགས་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་སྔོ་ཁེབས་རིགས3ལ་དམིགས་ཏེ། མིག་སྔར་ས་གནས་དེ་གའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་མཐོ་གྲང་རྩྭ་ཐང་དང་། མཐོ་གྲང་སྤང་ཐང་། ན་འདམ་ཅན་གྱི་སྤང་ཐང་བཅས་རི་ཐང་གི་ཡུན་རིང་ཚོད་ལྟ་བྱ་ཡུལ3བསྐྲུན་ཡོད། གཞན་དམར་ཕྱིའི་ཚོར་གཏོང་སྒྲིག་ཆས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་ནས་གཙོད་ཀྱིས་མཚན་མོར་འཁྲིག་སྦྱོར་བྱེད་པ་སོགས་བརྙན་ལམ་དཔྱད་ཡིག་རེག་ཡོད་ལ། གཙོད་ཀྱི་བྱ་སྤྱོད་ཞིབ་འཇུག་ཐད་གསར་གཏོད་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 

འདི་ནི་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་གནས་པའི་འབྲི་ཆུའི་འགོ་ཁུངས་ཐོ་ཐོ་གཙང་པོའི་ཆུ་ལམ་རེད།

2019ལོའི་ཟླ་8ཚེས་9ཉིན་མི་མེད་གནམ་གྲུས་པར་རྒྱབ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝུའུ་ཀང་གི་པར། 

    སྤྱི་བསྒྲགས་ཀྱིས་བསྟན་དོན། 2019ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་ནང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་དང“དུད་ཚང་རེར་ལས་གནས་རེའི”སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། འབྲོག་པ17211གི་ལོ་རེའི་ཡོང་འབབ་སྒོར21600ཟིན་པ་དང་། གཞན་ཡང་ས་གནས་དེ་གར་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དང་ནགས་ལས་འཕེལ་རྒྱས་སྒྱུར་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.89དོན་འཁྱོལ་བྱས་པས་ཚོད་ལྟའི་ས་ཁོངས་ཀྱི་གྲོང་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་ཡོད། 

    མཚོ་བོད་མཐོ་སྒང་དབུས་རྒྱུད་དུ་གནས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་འཛམ་གླིང་ཐོག་ས་བབ་མཐོ་བར་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ཁུལ་ཐོག་མ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བཙུགས་པ་དང་། སྒྲིག་གཞིའི་ཚོད་ལྟའི་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི12.31ཡོད་ཅིང་། དེའི་ཁོངས་སུ་འབྲི་ཆུའི་འགོ་ཁུངས་དང་། རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་བཅས་ཡན་ལག་གླིང་ཁུལ3བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང12དང་སྲིད་འཛིན་གྲོང་ཚོ53དང་འབྲེལ་བ་ཡོད།   །