རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྡོ་མཁར་རྫོང་ཞེས་པ་ནི་གནའ་གྲོང་གིས་གཙོར་བྱས་པ་དང་།མཐའ་འཁོར་གྱི་གངས་རིས་རྒྱབ་ལྗོངས་སུ་བྱས་པ། ཡུན་རིང་གི་ས་གནས་ཀྱི་རིག་གནས་དང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱིས་ནང་དོན་དུ་བྱས་པ།དམིགས་བསལ་གྱི་གྲོང་ཁྱེར་བར་སྟོང་དང་ཁོར་ཡུག་སྡོད་གནས། ཆོས་ལུགས་རིག་གནས།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དུས་སྟོན་དང་རོལ་དབྱངས། བྲོ་གར། རི་མོ། གོས་རྒྱན། ལུགས་སྲོལ་སོགས་ཀྱིས་སྒྱུ་རྩལ་ནང་དོན་ཁྱད་ཆོས་སུ་བྱས་པའི་ལོ་རྒྱུས་རིག་གནས་གྲོང་ཁུལ་ཡིན། དེ་ལ་མིག་སྔར་ཀྲུང་གོའི་ཉར་ཚགས་ཡག་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བོད་བཟོའི་སྡོད་ཁང་འཛུགས་སྐྲུན་ཚོགས་པ་ཡོད་པ། འདི་ནི་བདེ་ཆེན་གྱི་སྣ་མང་རིག་གནས་ཀྱི་སྒེའུ་ཁུང་ཡིན་ལ། ལོ་གཅིག་གི་དུས་ཚིགས་བཞི་པོར་ཡུལ་སྐོར་བས་རྡོ་མཁར་རྫོང་དུ་བསྐྱོད་དུས། གནང་གྲོང་གི་སྲོལ་རྒྱུན་དང་དེང་རབས། ས་གནས་དེ་གའི་མི་རིགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མྱོང་ཐུབ།
རྣམ་གྲངས་ཀྱི་སྙོམས་ངོས་བཀོད་སྒྲིག་རི་མོ།
བདེ་ཆེན་ཁུལ་གྱིས་2017ལོའི་ཟླ་4པ་ནས་རྡོ་མཁར་རྫོང་གི་སྤུས་འདེགས་ཤོང་སྐྱེད་རྣམ་གྲངས་ལག་ལེན་བྱས་པ་དང་།རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་3.05ཡོད་པ་དང་། གཙོ་བོའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་གྲུབ་བཞི་མ་1.05ཡོད། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུབ་བཞི་མ་ཁྲི་60ཡོད་པ་རེད།
བགྲོད་ལམ་དང་པོ་འཛུགས་སྐྲུན་ཚར་བ།
བགྲོད་ལམ་གཉིས་པ་འཛུགས་སྐྲུན་ཚར་བ།
རྣམ་གྲངས་དེ་ནི་2017ལོའི་ཟླ6པར་ཡུན་ནན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་གྲོང་ཆུང་20ཡི་འཛུགས་སྐྲུན་མིང་ཐོར་ཚུད།འཛུགས་སྐྲུན་ཚར་རྗེས་ཁྱད་ལྡན་གྲོང་ཆུང་གི་སྲིད་ཇུས་བཟང་ཆ་འདོན་སྤེལ་བྱ་རྒྱུ་ཡིན་པ་དང་། བོད་ཁུལ་གྱི་རིག་གནས་དང་ས་མཐོའི་ཁྱད་ལྡན་ཡུལ་སྐོར་གཉིས་ཚད་མཐོའི་མཉམ་འདྲེས་མངོན་འགྱུར་བྱ་རྒྱུ།ཡུལ་སྐོར་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་རང་ཁུལ་གྱི་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།སེམས་ཀྱི་ཉི་ཟླའི་མིང་རྟགས་ཀྱི་ནང་དོན་མཐོར་འདེགས་པ། བདེ་ཆེན་གྱི་ཁོངས་ཡོངས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་གྱི་སྲོག་ཤིང་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་རྒྱུ།
Aས་ཆའི་ལྟེ་བའི་མཚེའུ་རྣམ་གྲངས་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ།
ལྟེ་བའི་མཚེའུ་ཡི་གདུང་འདེགས་འཕྲང་ལམ།
མིག་སྔའི་བར་དུ། རྣམ་གྲངས་ཀྱི་བགྲོད་ལམ་དང་པོ་དང་གཉིས་པ། འོག་བརྟོལ་ཕུག་ལམ་སོགས་བགྲོད་ལམ་འཛུགས་སྐྲུན་ཚར་བ་དང་། Aས་ཆའི་ལྟེ་བའི་མཚེའུ་རྣམ་གྲངས་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ།རྣམ་གྲངས་གཞན་དག་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།