ཡུན་ནན་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་ད་ལོ་ཤར་གཏོང་བྱ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་140.305དང་གཙོ་ཐིག་རིང་ཚད་སྤྱི་ལེ་124.55ཡོད། རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་པའི《རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་འཆར་འགོད(2013ལོ་ནས་2030ལོ་བར)》རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་ནང་པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟི་ལིང་ནས་ས་དམ་བར་གྱི་འབྲེལ་གཏུག་ལམ་ཐིག(G0613)གྱི་གྲུབ་ཆའི་ལམ་དུམ་བུ་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འདེགས་སྐྱོར་རྣམ་གྲངས་གལ་ཆེན་ཡང་ཡིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི“ལྗང་མདོག་ཐཱན་ཉུང་གཞུང་ལམ་གྱི་བརྗོད་དོན་གཙོ་བོའི་ཚོད་ལྟའི་རྣམ་གྲངས”ཡིན། ཡུན་ནན་ཞིང་ཆེན་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་དང་ཡུན་ནན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཀྱང་ཡིན་པ་རེད།

    རྣམ་གྲངས་ཀྱི་རགས་རྩིས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་210.83བཏང་ནས“མཐོ་གསུམ”(ས་བབ་མཐོ་སྟེ་སྨི་3280དང་། བར་ཁྱད་མཐོ་སྟེ་སྨི་1100ནས་སྨི་1100བར་དང་། ས་ཡོམ་དྲག་ཚད་མཐོ་སྟེ་Ⅷརིམ་པ། རྙོག་འཛིང་ཆེ་བ་གཉིས”ཏེ་ས་བབ་རྙོག་འཛིང་ཆེ་བ་དང་ས་གཤིས་རྙོག་འཛིང་ཆེ་བ)“ཉམས་ཞན་པ་གཅིག”སྟེ་སྣོད་བཅུད་ཁོར་ཡུག་ཉམས་ཞན་པ)“དཀའ་ཚེགས་ཆེ་བ་གཅིག”སྟེ་ལས་གྲྭ་དཀའ་ཚེགས་ཆེ་བ་བཅས་ཀྱི་ཁྱད་ཆོས་དང་དཀའ་གནད་ལྡན་ཡོད་པ་རེད།

    2019ལོའི་ཟླ12པའི་ཚེས་31ཉིན།  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སེམས་ཀྱི་ཉི་ཟླ་ནས་ཡང་ཐང་བར་གྱི་ལམ་མཚམས་སྐྲུན་ཚར་བ་དང་།  ལམ་ཐིག་ཧྲིལ་པོ་2020ལོའི་ལོ་མཇུག་ཏུ་སྐྲུན་ཚར་ནས་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད།