བདེ་ཆེན་ཁུལ་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་འཛུགས་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

      ཡུན་ནན་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ(ཐེངས་གསུམ་པ)དེ་ཟླ་3པའི་ཚེས་27ཉིན་ཁུན་མིང་གྲོང་ཁྱེར་དུ་འཚོགས་ཤིང་། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏེང་སི་ཡུན་གྱིས་ཚོགས་འདུའི་ཐོག་བདེ་ཐང་དབུལ་སྐྱོར་སྲིད་ཇུས་མ་དངུལ་གྱི་རོགས་སྐྱོར་འོག་ད་ལོར་ནུའུ་ཅང་ཁུལ་དང་བདེ་ཆེན་ཁུལ་ལ་ཁུལ་ནང་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད་ཡོད།   

      ཟླ་3པའི་ཚེས་27ཉིན་ཡུན་ནན་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ(ཐེངས་གསུམ་པ)ཁུན་མིང་གྲོང་ཁྱེར་དུ་འཚོགས་པ་རེད།

    ཏིང་སི་ཡུན་གྱིས་ཡུན་ནན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་བདེ་ཐང་དབུལ་སྐྱོར་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་ས་ཁུལ་དབུལ་པོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད།

      2016ལོ་ནས་བཟུང་ཡུན་ནན་ཞིང་ཆེན་གྱིས་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་50.89བརྩོན་ལེན་བྱས་ནས་དབུལ་ཕོངས་རྫོང་88ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་ཇེ་མཐོ་དང་ཚད་ལྡན་ཅན་དུ་གཏོང་བ།  ལྟེ་གནས་ཆེན་པོ་ལྔའི་འཛུགས་སྐྲུན་དང་ཤང་གྲོང་འཕྲོད་བསྟེན་ཁང་ལ་ལྟེ་གནས་གཅིག་དང་ས་ཚིགས་གཅིག་འ ཛུགས་སྐྲུན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་དམངས་ཕན་བྱ་བའི་ནང་བཅུག་ཡོད།   ཧུར་ཐག་གིས་རིམ་པ་གསུམ་པའི་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་དང་རྒྱང་བསྟེན་སྨན་བཅོས་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་ཚོ་ཅི་ནུས་ཀྱིས་རྫོང་ནས་ཕྱི་ལ་མ་སོང་ཡང་གྲོང་ཁྱེར་གྱི་རིམ་གསུམ་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་བརྩོན་ལེན་བྱས་ཡོད། 

ལོ་གསུམ་རིང་ཡུན་ནན་གྱིས་རིམ་རྩིས་བརྒྱབ་ན་ཤིན་ཏུ་དབུལ་བའི་རྫོང་27ལ་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་38བཏང་ཡོད།   བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ།   ཀྲའོ་ཐུང་གྲོང་ཁྱེར་སོགས་ཤིན་ཏུ་དབུལ་བའི་རྫོང་ཅུང་མང་བའི་ས་ཁུལ་ལ་དམིགས་ཏེ་སྣ་མང་ཅན་གྱིས་སྣེ་གཅིག་ལ་ཁ་གཏོད་པ་དང་།    ཅི་ཞིག་ཆད་པ།  གང་ཞིག་གསབ་དགོས་པ།   གནད་དོན་གང་ཞིག་འབུར་ཐོན་ཡིན་པ་སོགས་ལ་དམིགས་ནས་གནད་དོན་ཐག་གཅོད་བྱས་ཡོད།     ད་ལོར་བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་གཉིས་ཀྱིས་བདེ་ཐང་དབུལ་སྐྱོར་སྲིད་ཇུས་མ་དངུལ་གྱི་རོགས་སྐྱོར་འོག་ཁུལ་ནང་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་དང་། སྐབས་དེར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16ལའང་ཁོངས་གཏོགས་ནང་ཁུལ་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་རེ་ཡོད་པ་བྱ་རྒྱུ་རེད།