དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་སྒོ་ཕྱེས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཡུན་ནན་ཞིང་ཆེན་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར་ཨང་10པ《ཡུན་ནན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཁུལ་རིམ་བགོས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་བསྟར་བསམ་འཆར》དང་《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་བརྟན་བརླིང་ངང་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་བྱེད་ཐབས་22པའི་བསམ་འཆར》གྱི་འབྲེལ་ཡོད་བླང་བྱ་ལྟར།  དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་ལ་ལས་གཉེར་སླར་གསོའི་ཆ་རྐྱེན་འཛོམས་ཡོད་པས། ཟླ་4པའི་ཚེས་1ཉིན་ནས་བཟུང་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་དང་། འདི་ནི་བདེ་ཆེན་ཁུལ་གྱི་སླར་གསོ་སྒོ་དབྱེའི་མཛེས་ལྗོངས་ཁུལ་ཆེས་མཇུག་མའང་ཡིན་པ་རེད། མིག་སྔར། ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མ་སླར་ཡང་སྒོ་ཕྱེས་ཡོད།    

       མཛེས་ལྗོངས་ཁུལ་ལས་གཉེར་སླར་གསོ་བྱས་རྗེས་སྒོ་ཕྱེས་པའི་དུས་ཚོད་ནི་ཉིན་གོང་གི་ཆུ་ཚོད་12པ་ནས་ཕྱི་དྲོའི་ཆུ་ཚོད་19བར་ཡིན།  གཉེར་སྐྱོང་སླར་གསོ་བྱས་པའི་ཉིན་ནས་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མཇུག་འགྲིལ་བའི་བར་དུ། ཡུལ་སྐོར་བ་ཚང་མས་ངེས་པར་དུ་ཁ་བཏུམ་རྒྱག་དགོས་པ་དང་འབྲེལ་གཟུགས་པོའི་དྲོད་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་རྗེས་ད་གཟོད་མཛེས་ལྗོངས་ཁུལ་དུ་བསྐྱོད་ཆོག 

      ལྗོངས་ཁུལ་གྱི་ཡུལ་སྐོར་བ་དང་དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ལ་དོ་དམ་ཚོད་འཛིན་ལུགས་མཐུན་བྱ་ཆེད། དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་མིང་ངོ་མ་འགོད་པའི་ལམ་ལུགས་སྤྱད་དེ་ལྗོངས་ཁུལ་དུ་བསྐྱོད་ཆོག་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། སྤ་སེ་ཉོས་རྗེས་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ལྗོངས་ཁུལ་གྱི་སྤ་སེ་ཞིབ་བཤེར་བྱ་ཡུལ་དུ་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་བྱས་རྗེས་ལྗོངས་ཁུལ་དུ་བསྐྱོད་ཆོག

      2020ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་།དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་སྤ་སེའི་རིན་གོང་50%གཅོག་རྒྱུའི་གཟིགས་སྐྱོང་སྲིད་ཇུས(མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་རླངས་འཁོར་གྱི་རིན་པ་དང་འགྲེལ་བཤད་ཀྱི་རིན་པ་ཚུད་མེད)སྤེལ་རྒྱུ་རེད།རྒྱལ་ཡོངས་ཀྱི་སྨན་དོན་མི་སྣས་རང་ཉིད་ཀྱི་སྨན་པའི་ལག་ཁྱེར་དང་ནད་སྐྱོང་ལག་ཁྱེར།ནད་གཡོག་ལག་ཁྱེར་སོགས་ནུས་ལྡན་ལག་ཁྱེར་ལ་བརྟེན་ནས་ལྗོངས་ཁུལ་དུ་སྤ་སེ་ཉོ་མི་དགོས་པར་ལྟ་སྐོར་དུ་འགྲོ་ཆོག་པ་རེད།