གཏེར་མ་རོང་གི་ཐོན་རྫས་སིལ་ལིའི་ཁཎྚ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གཏེར་མ་རོང་ཤང་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་ཡུན་ནན་དང་སི་ཁྲོན་བཅས་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད་ལ། ས་གནས་དེ་གར་ནས་དང་ཞོག་ཁོག  མ་རྨོས་ལོ་ཏོག  ཀུ་ཤུ  སིལ་ལི་སོགས་ཐོན་པ་དང་། དབྱར་རྩྭ་དགུན་འབུ་དང་སྙི་བ་སོགས་ཀྱང་ཐོན།    གངས་རིའི་གཏིང་དུ་གནས་པ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཅུང་ཞན་པའི་རྐྱེན་གྱིས་ཕྱི་ཕྱོགས་དང་འབྲེལ་བ་ཉུང་ཙམ་གྱུར་ཡོད་པ་རེད།

        གཏེར་མ་རོང་ས་ཆའི་རི་ལྡེབས་ཀྱི་ཞིང་ཁ་དང་ཁང་པའི་རྒྱབ་མདུན་གང་སར་ལིའི་སྡོང་ཁྱབ་ཡོད་ལ། ས་བབ་མཐོ་བའི་ས་ཁུལ་དུ་སྐྱེས་བའི་ལི་སྡོང་འདི་དག་ཆ་སྙོམས་ལོ་70ཡན་ཟིན་པ་དང་།  གནའ་སྡོང་ཐོག་ཐོན་པའི་འབྲས་བུ་བྲོ་བ་ཞིམ་ལ་མངར་ཚད་མཐོ། སྔོན་ཆད་ས་གནས་དེ་གའི་མང་ཚོགས་ཀྱིས་སིལ་ལི་ཟ་མི་ཚར་ནས་མང་ཆེ་བ་སྒོ་ཕྱུགས་ལ་སྟེར་གྱི་ཡོད།  

        2018ལོར། གཏེར་མ་རོང་ཤང་ཡུའེ་ཅིན་གྲོང་ཚོའི་རོགས་སྐྱོར་ལས་ཁུངས་ཏེ་བདེ་ཆེན་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པས་འབྲེལ་ལམ་བཙུགས་ནས།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་དོན་འགྲུབ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་ཡུའེ་ཅིན་གྲོང་ཚོར་ཤིང་ཏོག་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ། དུས་འགོའི་ཁྲོམ་རར་དབྱེ་ཞིབ་དང་བརྟག་ཞིབ་བྱས་པ་དང་། ལི་སྡོང་གི་སོན་རིགས་གསལ་འབྱེད་དང་ཤིང་རིགས་ཀྱི་བྱང་བུ་བཀལ་བ། གནའ་སྡོང་དོ་དམ་དང་སྲུང་སྐྱོང་འཆར་འགོད་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། ཀུང་སིས་ཞིང་ཆེན་ནང་ཁུལ་གྱི་ཆེད་ལས་ཀྱི་སྣོད་བཅུད་ལིའི་ལས་སྣོན་ཞིབ་ཚགས་བྱེད་ཡོད་པའི་ཁེ་ལས་ནང་འདྲེན་བྱས་ནས་ལས་སྣོན་ཞིབ་ཚགས་བྱས་ཤིང་།  གཏེར་མ་རོང་སིལ་ལིའི་ཚོང་ཟོག་རིན་ཐང་མཐོར་གཏོང་བ་དང་སེམས་ཀྱི་ཉི་ཟླ་གཏེར་མ་རོང་གནའ་སྡོང་གི་སིལ་ལིའི་ཁཎྚ་སྤུས་རྟགས་བཞེངས་སྐྲུན་བྱས་པ་རེད།

        ཤིང་ཏོག་ཐོན་ལས་དབུལ་སྐྱོར་ལག་བསྟར་བྱེད་པའི་གོ་རིམ་ཁྲོད།  ཀུང་སི་དེས་སྔ་རྗེས་སུ་སྒོར་ཁྲི་60ལྷག་འཇོག་ནས་གཏེར་མ་རོང་ཤིང་ཏོག་དབུལ་སྐྱོར་འཁོར་ཁང་བཟོ་བ་དང་།  2018ལོར་ཀུང་སིས་གཏེར་མ་རོང་ས་ཆའི་སིལ་ལི་དང་ཀུ་ཤུ་ཏུན་20ཉོ་སྒྲུབ་བྱས་ཏེ་ཡུའེ་ཅིན་གྲོང་ཚོའི་ཞིང་དུད་ལ་ཡོང་འབབ་སྒོར་ཁྲི་5.98འཕར་སྣོན་བྱུང་བ་དང་།  2019ལོར་སིལ་ལི་ཏུན་66ཉོ་སྒྲུབ་བྱས་པ་དང་གླ་བ་མི་ཐེངས་140སྐུལ་སྤྱོད་བྱས་ནས་གཏེར་མ་རོང་ཤང་གི་ཞིང་དུད་198ལ་ཡོང་འབབ་སྒོར་ཁྲི་20འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱས་པ། 2020ལོའི་ཟླ་1པོར། གཏེར་མ་རོང་སིལ་ལིའི་ཁཎྚ་ཚོང་རར་འདོན་པ་རེད།

སིལ་ལིའི་ཁཎྚ་བཟོ་བའི་ལས་རིམ་རྙོག་འཛིང་ཆེ་ཞིང་། ཆུ་ཚོད་72བཙོ་དགོས་པ་དང་། ཆུར་སྦངས་བ་དང་བཙོ་བ། སྙིགས་བསིང་བྱེད་པ་སོགས་རྙོག་འཛིང་ཆེ་བའི་ལས་རིམ་བརྒྱུད་དགོས། སིལ་ལི་རྒྱ་མ་20ཡིས་གཞི་ནས་ཁཎྚ་རྒྱ་མ་གང་བཟོ་ཐུབ།

        གོམ་སྟབས་རྗེས་མར། ཀུང་སིས་གྲོང་མིར་ལི་སྡོང་ཚད་ལྡན་ངང་དོ་དམ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་མཐུད་སྦྱོར་སོགས་ལག་རྩལ་ཁྱབ་གདལ་བཏང་ནས་སིལ་ལི་འདེབས་འཛུགས་བྱེད་པ་དང་འབྲེལ་བཟོ་རྩལ་ལེགས་སུ་བཏང་ནས་གཏེར་མ་རོང་གི་སིལ་ལིའི་ཁཎྚ་སྤུས་རྟགས་བཞེངས་སྐྲུན་བྱེད་དེ་གཞི་ཁྱོན་ཅན་དང་ཐོན་ལས་ཅན་འཕེལ་རྒྱས་ཡོང་བ་བྱས་ནས་གྲོང་མི་དེ་བས་མང་བར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད།