གཡང་འཛོམས་ཀྱི་འབྲོག་ར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བསྟུད་མར་ཟླ་ཁ་ཤས་ཀྱི་དུས་ཚོད་ནང་། ལོ་ན་42ལ་སོན་པའི་བོད་རིགས་བུད་མེད་ཚེ་རིང་གཡང་འཛོམས་དང་མཉམ་དུ་གནས་པ་ནི་གྲང་ངར་ཆེ་བའི་རི་རླུང་དང་། ཚང་ཚང་ལོ་འདབ་སྟུག་པའི་ནགས་ཚལ། མཛེས་ཤིང་ཡངས་པའི་རྩྭ་ཐང་། བལྟས་པ་ཙམ་གྱིས་མིག་ལ་ཐོགས་པའི་གངས་རི་དང་ནོར་ཁྱུ་བཅས་ཡིན། འདི་ནི་ཡུན་ནན་ནུབ་བྱང་གི་རི་ཀློང་ཁྲོད་གནས་པའི་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་པའི་འབྲོག་ར་སྟེ།གཡང་འཛོམས་ཀྱི་དགུན་དུས་འབྲོག་ར་ཡིན་པ་རེད།

གཡང་འཛོམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ལེན་བཞིན་པ།

   གཡང་འཛོམས་ཚང་གི་མི་རབས་ནས་མི་རབས་བར་ཕྱུགས་འཚོ་དང་རྨོ་འདེབས་ལ་བརྟེན་ནས་འཚོ་བ་རོལ་བ་རེད།དེ་དུས་གཡང་འཛོམས་ཀྱི་ཨ་མ་སྒྲོལ་མ་གཡང་འཛོམས་ཀྱིས་ལོ་རྒྱུན་རི་མགོའི་འབྲོག་རར་ཕྱུགས་འཚོ་གི་ཡོད་པ་དང་།སྐབས་དེ་དུས་རི་མགོའི་ཕྱུགས་འཚོ་བའི་འཚོ་བ་ཧ་ཅང་དཀའ་ཚེགས་ཆེ་བས་ནང་མི་ཚང་མས་འབད་བརྩོན་ཇི་ལྟར་བྱས་ཀྱང་ཟ་རྒྱུ་འདང་གི་མེད།གཡང་འཛོམས་ཀྱི་དྲན་ཤེས་ནང་ཆུང་དུས་ནས་ཨ་མ་དང་མཉམ་དུ་རི་མཐོའི་འབྲོག་རར་འཚོ་བ་རོལ་གྱི་ཡོད་པས་གྲོང་ཚོའི་ནང་བསྡད་པའི་དུས་ཚོད་མང་པོ་མེད་པ་རེད།དེ་སྔ་འབྲས་བཟའ་རྒྱུ་མེད་པར་རྩམ་པ་དང་མ་རྨོས་ལོ་ཏོག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཐུད་ཏོག་ཙམ་བཟས་ན་ཡག་པོ་ཡོད། གཡང་འཛོམས་ལོ་བཅོ་ལྔ་བཅུ་དྲུག་ལ་སླེབས་སྐབས་གཞི་ནས་དངུལ་ཐེངས་དང་པོར་མཐོང་།

   ད་ལྟ་མྱུ་ཟུར་གྲོང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་ཡོད་དེ།ཨར་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ་དང་། ལམ་སྒྲོན་དང་། ཉི་ནུས་ཆུ་སྲོ་ཆས་དང་གསང་སྤྱོད་སོགས་ཚད་ལྡན་སྒྲིག་བཀོད་དུ་གྱུར་འདུག གཡང་འཛོམས་ཚང་གི་ནོར་ཁྱུ་དང་ལུག་ཁྱུ་ཡང་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད།

ལོ་ན་83སོན་པའི་ཨ་ཕྱི་སྒྲོལ་མ་གཡང་འཛོམས།

    2008ལོའི་ཟླ7པར།སྒྲོལ་མ་གཡང་འཛོམས་ཀྱིས་གཟབ་གཟབ་མ་བྱས་པར་བརྡབ་སྐྱོན་བྱུང་ནས་རི་འགོར་ཕྱུགས་འཚོ་བར་སྐྱོད་མ་ཐུབ་པ་དང་།འཚོ་བའི་རྒྱུན་འཛིན་རྒྱུ་དེ་གཡང་འཛོམས་ཀྱི་ལག་ཏུ་ལྷུང་བ་རེད།

     ཞོགས་པར་ནམ་ལངས་མ་ཐག་མེ་ཐབ་ནང་མེར་བསྲེགས་རྗེས་ནགས་ཁྲོད་དུ་ནོར་ཁྱུ་ལ་བལྟ་རུ་འགྲོ་དགོས་པ་དང་། དེ་ནས་ཕྱིར་ཡོང་ནས་བལ་གདན་འཐག་དགོས། ཇ་དཀྲུགས་པ་དང་བག་ལེབ་བཟོས་བ། རི་བོ་ཆེན་པོ་དང་འགྲོགས་ནས་འཚོ་བ་དཀའ་སྡུག་ཚད་མེད་སྐྱེལ་བཞིན་ཡོད་མོད། འོན་ཀྱང་གཡང་འཛོམས་སྔར་བཞིན་འཛུམ་དམུལ་དམུལ་གྱིས་ཁེངས་ཤིང་། མི་དཀྱུས་མའི་མིག་ལམ་དུ་བཟོད་ཐབས་བྲལ་བའི་སྐྱོ་སྡུག་གིས་ཁེངས་ཤིང་། ཁོང་གི་ལུས་ལ་ཤུལ་ཙམ་ཡང་ལུས་མེད།

གཡང་འཛོམས་ཀྱིས་ལག་འཁྱེར་ཁ་པར་གྱི་ཐོག་ནས་པར་ལེན་བཞིན་པ།

    འབྲོག་རའི་ཐོག་ཡར་རྒྱུག་མར་རྒྱུག་བྱས་ནས་ནོར་དེད་སྐབས་གཡང་འཛོམས་ཀྱིས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐོང་སྐབས་པར་བླངས་པ་དང་།ལག་འཁྱེར་ཁ་པར་གྱི་བརྡ་རྟགས་ཡོད་ས་ནས་པེ་ཅིང་དུ་ལས་ཀ་བྱེད་བཞིན་པའི་ཕུ་བོ་བཀྲ་ཤིས་དོན་གྲུབ་ལ་བརྒྱུད་སྤྲོད་བྱས་པ་རེད། 

གཡང་འཛོམས་བཟའ་ཟླ་གཉིས་ཀྱིས་འབྲོག་ཁྱིམ་དུ་ཕྱི་ཟླ་འཐུང་བཞིན་པ།

    དུས་ཚོད་ངེས་ཅན་ཞིག་གི་རྗེས་སུ། བསྟན་འཛིན་འཕེལ་ཚོགས་ཀྱིས་རྟ་དེད་ནས་འབྲོག་རར་སླེབས་ཏེ་བཟའ་ཟླར་འཚོ་བའི་དངོས་ཟོག་སྐྱེལ་གྱི་ཡོད།གཡང་འཛོམས་ཀྱི་བུ་མོ་གཡང་འཛོམས་མཚོ་མོ་ཡང་རི་འདབས་སུ་གཡང་དཀར་ལུག་ཁྱུ་འཚོ་བཞིན་ཡོད།

བདེ་སྐྱིད་ཀྱི་ཉམས་སྣང་ཤར་བའི་མི་རབས་གསུམ་གྱི་མཉམ་པར།

    སྒྲོལ་མ་གཡང་འཛོམས་དང་ཚེ་རིང་གཡང་འཛོམས།གཡང་འཛོམས་མཚོ་མོ་བཅས་ཀྱི་མཉམ་པར་ཐོག་མི་རབས་གསུམ་གཅིག་སེམས་གཅིག་ལ་བརྟེན་ཡོད། འཇམ་གཉེན་གྱི་ངོ་གདོང་དང་ཡང་ན་རྒས་འཁོགས་ཀྱི་ངོ་གདོང་གང་ཡིན་རུང་བདེ་སྐྱིད་ཀྱི་ཉམས་སྣང་ཤར་འདུག