རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-15   རྩོམ་ཁུངས།    བོད་ཀྱི་གླུ་གར་དྲ་བ།
ཚིག་དབྱངས།དམངས་ཁྲོད།
རྟ་ཕོ་ཟིང་རྟ་མ་རེད།
ཟིང་རྟ་འགྲོས་མ་མ་རེད།
རྟ་ཕོ་ཟིང་རྟ་མ་རེད།
ཟིང་རྟ་འགྲོས་མ་མ་རེད།
ཨ་རོ་ཁམས་པ་ས་སིད་ས་སིད།
ས་སིད་ལེ་མོ་རོག་རོག
གཡུ་ཆུང་སྒྲོན་དཀར་ལེགས་བྱུང་ལེགས་བྱུང་།
ལེགས་བྱུང་མ་ལ་རོག་རོག ཨ་ཅག་འོ།རྡོ་རྗེ་བྱ།བྱ་ལེ་མོ་རོག རོག་ཟེར་རོག
སྒ་སྔ་རུ་གསེར་ལ་གྲུབ་པའི་གསེར་སྒ་ཉི་མ་རང་ཤར།

སྒ་ཕྱི་རུ་དངུལ་ལ་གྲུབ་པའི་དངུལ་སྲང་བརྒྱ་དང་བརྒྱད་ཅུ།

ལེགས་བྱུང་མ་ལ་རོག་རོག ཨ་ཅག་འོ། རྡོ་རྗེ་བྱ། བྱ་ལེ་མོ་རོག རོག་ཟེར་རོག
རྟ་ཕོ་གཡུ་ལ་གྲུབ་པའི་གཡུ་བཟང་བརྒྱ་དང་བརྒྱད་ཅུ།

ཡོབ་ལུང་དར་ལ་གྲུབ་པའི་དར་སྣ་བརྒྱ་དང་བརྒྱད་ཅུ།

ཡོབ་ཆེན་ལྕགས་ལ་གྲུབ་པའི་ལྕགས་སྣ་བརྒྱ་དང་བརྒྱད་ཅུ།

ལྕག་ཚན་སྦ་ལ་གྲུབ་པའི་སྦ་ལྕག་བསམ་པའི་དོན་གྲུབ།

རྟ་ཕོའི་གོང་ལ་ཡོད་པའི་ཚོང་དཔོན་ནོར་བུ་བཟང་པོ།

ཕྱི་ཡི་སྐོར་སྐོར་ལྕང་མའི་སྐོར་རུ་རེ་ཟེར།
ནང་ཡི་སྐོར་སྐོར་མདོ་བ་རྟ་ཡི་སྐོར་བྱུང་།
འགྲིལ་དང་གོམ་པ་བྲོ་ཡི་དཀྱིལ་ལ་བཞག་ཡོད།
ཞབས་བྲོ་རྡོ་ཡི་ཨེ་འདྲ་མ་གཅིག་བརྒྱབ་ཤོག