རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གྲོང་ཁྱེར་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ལ་ཁོར་ཡུག་ཀྱང་སྔར་ལས་ཇེ་ལེགས་སུ་ཕྱིན་ནས་མི་སྡོད་ཁོར་ཡུག་ཚད་མཐོ་ས་ནས་ཇེ་ལེགས་སུ་ཕྱིན་ཡོད།
2019ལོར་ཁུལ་ཡོངས་ཀྱི་གྲོང་སྲིད་ཀྱིས་སྐྲུན་བཞིན་པའི་རྣམ་གྲངས་32ཀྱི་འགན་འཁུར་བ་དང་། མིག་སྔར་རྣམ་གྲངས་28སྐྲུན་འགོ་ཚུགས་ཤིང་དེ་ལ་མ་དངུལ་སྒོར་དུང་ཕྱུར་7.23བཏང་ཡོད། དུས་འགོའི་ལས་དོན་རྣམ་གྲངས་4གཉེར་བཞིན་ཡོད་ཅིང་། ལས་མཇུག་སྒྲིལ་བའི་རྣམ་གྲངས་8ཡོད། ཁུལ་ཡོངས་སུ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭ་དུད་ཚང་2486གསར་སྐྲུན་བྱས་པ་དང་འགྱིག་བལ་གྲོང་ཁྱེར་སྨི་ངོས་གྲུ་བཞི་མ་ཁྲི་2དང་བཙོག་ཆུ་མདོང་ལམ་སྤྱི་ལེ་18བསྐྲུན་པ། གྲོང་ཁྱེར་གྱི་གཞུང་ལམ་15སྐྲུན་བཞིན་ཡོད།
གད་སྙིགས་གཙང་སེལ་སྒྲིག་བཀོད་ཁྱབ་ཚད་88.09%ཟིན་པ་དང་། རང་བྱུང་གྲོང་ཚོའི་འཚོ་བའི་གད་སྙིགས་བཅོས་སྒྲིག་ནུས་ལྡན་བྱེད་ཚད་97.22%ཟིན་ནས་བརྡ་ཁྱབ་ཆུང་གྲས་ཤོག་ལྷེ4060ལྷག་ཙམ་གཙང་བཤེར་བྱས་ཡོད། འགེལ་རས་536དང་གང་བྱུང་དུ་སྤུང་བའི་གད་སྙིགས108གཙང་སེལ་བྱས་པ། སྐོར་སྐྱོད་ཁྲོམ་ཚོང་པ་3555གཙང་བཤེར་བྱས་པ། ལམ་བཟུང་རླངས་འཁོར་265ཐག་གཅོད་དང་ཁ་ལོ་བར་ངག་ཐོག་སློབ་གསོ་ཐེངས་988བཏང་བ། དེ་དང་ཆབས་ཅིག་ཨར་སྐྲུན་བྱ་ཡུལ་དང་དེ་བཞིན་བྱེ་རྡོ་དང་ས་སྙིགས་སྐྱེལ་འདྲེན་རླངས་འཁོར་བཅོས་སྒྲིག་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཐལ་རྡུལ་གྱི་སྦགས་བཙོག་བཀག་འགོག་ནུས་ལྡན་བྱས་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྣོད་བཅུད་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན(ཤམ་བྷ་ལ་སྤྱི་གླིང་གི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པ)དང་། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བའི་དུས་ཐེངས་གཉིས་པའི་འདུ་འགོད། འབའ་ལུང་རྫོང་མཁར་གྱི་ནང་འཇུག་ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་འདུ་འགོད། འབའ་ལུང་རྫོང་པའོ་ཧྲན་སྤྱི་གླིང་སོགས་སྔོ་འགྱུར་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ནས་གྲོང་ཁུལ་གྱི་སྔོ་ལྗང་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། ཁུལ་ཡོངས་སུ་སྤྱི་གླིང་21བསྐྲུན་པ་དང་སྐྲུན་བཞིན་པའི་སྤྱི་གླིང་3ཡོད། གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་ལྗང་མདོག་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ10.37ཟིན་པ་དང་། སྐྲུན་ཚར་བའི་ས་ཁུལ་གྱི་སྔོ་འགྱུར་ཁྱབ་ཚད་ཀྱིས28.87%ཟིན་ཡོད།
2019ལོར《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་རྫོང་གྲོང་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》དེ་ཁུལ་རིམ་པས་ཞིབ་བཤེར་བྱས་པ་བརྒྱུད་ཆོག་མཆན་ཐོབ་ཅིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ཡུན་ནན་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་ཞེས་པའི་མིང་བཏགས་ཡོད། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་རེ་ཞུའི་གོ་རིམ་གཞིར་བཟུང་། 《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་རེ་ཞུ་བྱེད་པའི་ཡིག་དེབ》རགས་ཙམ་བཟོས་ཟིན་པ་དང་མིག་སྔར་གཞི་རྩའི་ཐོག་རེ་ཞུའི་ཆ་རྐྱེན་འཛོམས་ཡོད་པ་རེད། (པར་རིས་ཡོང་ཁུངས།པའེ་ཏུའུ་དྲ་བ། )