རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྟོང་སྐུལ་བྱེད་སྒོ་སྤེལ་ཚུན། རང་ཁུལ་གྱིས་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་ཚོ་ཆུང་གིས་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གཏན་འཁེལ་བྱས་པའི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ལས་ཀའི་གཙོ་གནད་ལ་དམིགས་པ། ལས་དོན་ཁག་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཆོས་ལུགས་ཞི་མཐུན་འཆམ་མཐུན་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་བྱས་ཡོད།
འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱིས་རིམ་ཁག་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས་ལག་བསྟར་ཇུས་གཞི་བཟོས་པ་དང་ཆེད་དོན་ཚོགས་འདུ་འཚོགས་ཏེ་དགོན་སྡེར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད། ཁོངས་གཏོགས་ས་ཁོངས་དོ་དམ་དང་རིམ་དབྱེའི་འགན་འཁྲིའི་རྩ་དོན་གཞིར་བཟུང་། རྫོང(གྲོང་ཁྱེར)དང་ཤང(གྲོང་རྡལ)རིམ་པ་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ནས་ལས་བྱེད་པ་100འཐེན་ཏེ་དགོན་སྡེར་བཅའ་སྡོད་བྱས་པ་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོ་ཆུང་38ལ་བགོས་ནས་དགོན་སྡེར་ལས་དོན་སྤེལ་བ་རེད། ཁུལ་རིམ་པས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་4བཙུགས་ནས་རྫོང(གྲོང་ཁྱེར)གསུམ་དང་ཆུས་གཅིག་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དགོན་སྡེར་བཅའ་སྡོད་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁུར་བ་རེད། སྟོང་སྐུལ་གྱི་བྱེད་སྒོ་སྤེལ་ཚུན་ཁུལ་རིམ་པའི་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཤང་དང་གྲོང་རྡལ་9དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་23 བྱེད་སྒོ་སྤེལ་ས2 དབྱི་སི་ལམ་ཕྱག་ཁང་1བཅས་ཀྱི་སྟོང་སྐུལ་ལས་དོན་དང་ཆོས་ལུགས་ལས་རིགས་མི་སྣས་ལག་ལེན་བསྟར་བའི་ཚད་གཞི་བཞིའི་བསམ་བློའི་སློབ་གསོའི་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་བྱས་པས་གཙོ་གནད་ཁྱབ་ཁོངས་ཚང་མར་ཁྱབ་ཡོད་པ་རེད། དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་ཚོ་ཆུང་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་ཐེངས་111བྱས་པ་དང་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་སྒྲོག་འགྲེལ་ཐེངས་2084བྱས་པ་དང་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་704སྤྲད་པ་རེད།
ཟླ་3པ་ནས་བཟུང་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་དེ་བཞིན་གཞི་རིམ་གྱི་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པར་ཁ་རས་13000ལྷག་ཙམ་དང་། ཟོམ་ནང་བླུགས་པའི་དུག་སེལ་ཆུ་ཏུན་2 གཏོར་བའི་རྣམ་པ་ཅན་གྱི་ཆང་བཅུད་ཤེལ་དམ་130དང་། ནུས་པ་མང་བའི་སྨན་སྤྱོད་སྨན་སྒམ་40བཅས་སྤྲད་པ་རེད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་གིས་འབྲེལ་ཡོད་བྱེད་སྒོ་ནར་འགྱངས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གནད་དོན་མི་ལུས་པའི་འགན་ལེན་བྱས་པ་རེད།
གཞན་ཡང་རྫོང(གྲོང་ཁྱེར)ཁག་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣ་དང་དཀའ་ངལ་ཡོད་པའི་དགེ་རྒན་དང་ལས་དོན་མི་སྣའི་ཁྱིམ་ཚང་ལ་འཚམས་འདྲི་ཧུར་ཐག་བྱས་ནས་ཁོང་ཚོ་ལ་བཟའ་སྣུམ་ཟོ་བ་416དང་འབྲས་ཏུན་11ལ་ཉེ་བ་སྤྲད།
ལས་དོན་སྤེལ་རིང་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་ཚོ་ཆུང་གིས་ད་དུང་དགོན་སྡེའི་དམངས་གཉེར་དོ་དམ་ཨུ་ལྷན་དང་མཉམ་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིགཁང་པ་ཉམས་གསོ། གློག་ལམ་ཉམས་བཟོ་སོགས་བྱས་པ་རེད། དགོན་སྡེའི་དགེ་འདུན་པ་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱེད་པའི་ཁྲོད་བརྩེ་དུང་ཇེ་ཟབ་ཏུ་བཏང་ནས་དགེ་འདུན་པར་དཀའ་ངལ་སེལ་རོགས་བྱས་ཡོད།