ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་སོ་སོས་རླངས་འཁོར་མངགས་ནས་ཕྱིར་སློབ་གྲྭར་ཡོང་བའི་སློབ་མ་ཁུལ་དང་རྫོང་སོ་སོར་ལེན་དུ་ཡོང་རྒྱུ་ཡིན་པ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-21   རྩོམ་ཁུངས།    ཡུན་ནན་གསར་འགྱུར་དྲ་བ།

ཡུན་ནན་ཞིང་ཆེན་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་སློབ་མ་སློབ་གྲྭར་ཕྱིར་ལོག་པའི་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་གིས《ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་སློབ་མ་སློབ་གྲྭར་ཕྱིར་ལོག་པའི་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ལས་དོན་ཇུས་གཞི》མཉམ་འབྲེལ་པར་བཀྲམ་བྱས་པ་རེད།འཆར་གཞི་དེ་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་སློབ་གྲྭར་ཕྱིར་ལོག་པའི་ཞབས་འདེགས་ཞུས་ནས་ཞིང་ཆེན་ཡོངས་ཀྱི་རྫོང་གྲོང་དང་དེ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་སུ་སློབ་མ་སློབ་གྲྭར་ཕྱིར་ལོག་པའི་ཐད་གཏོང་རླངས་འཁོར་བརྒྱུད་མཐོ་རིམ་སློབ་གླིང་གི་སློབ་མའི་ས་གནས་དང་ས་གནས། ཐིག་གཅིག་རྣམ་པའི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་གྲྭར་ཐད་ཀར་བསྐྱལ་ཏེ་སློབ་མ་དང་འགྲུལ་པ་གཞན་དག་དབར་ཕན་ཚུན་འབྲེལ་གཏུག་དང་འགོ་རེས་བྱེད་པའི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ཡིན་པ་རེད།

དུས་ཚོད།☟☟☟

    2020ལོའི་ཟླ་5ཚེས་6ཉིན་ནས་ཚེས་20ཉིན་བར་ཏེ་དུས་ཡུན་ཉིན་15ཡིན།

ཁྱབ་ཁོངས།☟☟☟

    1.ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར(ཁུན་མིང་ཕུད)15དང་། རྫོང་ཁག་དང་། གྲོང་ཁྱེར། གསར་སྤེལ་ཁུལ་བཅས་གནས་ཡུལ་ནས་ཁུན་མིང་མཐོ་རིམ་སློབ་གྲྭ་ཁག་དབར་གྱི་སློབ་གྲྭར་ཕྱིར་ལོག་བྱེད་ཀྱི་ཐད་གཏོང་རླངས་འཁོར།    

    2.ཡུན་ནན་ནུབ་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར(ཁྲུའུ་ཞུང་ཁུལ་དང་། ས་དམ་གྲོང་ཁྱེར། བདེ་ཆེན་ཁུལ། ལིན་ཚང་གྲོང་ཁྱེར། རྒྱལ་མོ་རྔུལ་ཆུའི་ཁུལ། པའོ་ཧྲན་གྲོང་ཁྱེར། ཏེ་ཧུང་ཁུལ)7ཡོད་པ་དང་དེ་བཞིན་ཡུན་ནན་ནུབ་རྒྱུད་ཀྱི་སློབ་མ་ཅུང་མང་བའི་གྲོང་ཁྱེར(ཡུན་རྫོང་དང་། རུའེ་ལི། ཐེང་ཁྲུང་བཅས)ནས་ཏ་ལི་གྲོང་ཁྱེར་གྱི་མཐོ་རིམ་སློབ་མ་སློབ་གྲྭར་ཕྱིར་ལོག་བྱེད་ཀྱི་ཐད་གཏོང་རླངས་འཁོར་ཡོད་པ་རེད།    

    3.ཁུན་མིང་ནས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར(རྒྱལ་མོ་རྔུལ་ཆུའ་ཁུལ་དང་བདེ་ཆེན་ཁུལ་ཕུད)13གནས་སའི་མཐོ་རིམ་སློབ་གྲྭ་ཁག་གི་ཕྱིར་སློབ་གྲྭར་ལོག་བྱེད་ཀྱི་ཐད་གཏོང་རླངས་འཁོར་ཡོད།    གོང་གསལ་གྱི་སློབ་གྲྭར་ཕྱིར་ལོག་བྱེད་པའི་ཐད་གཏོང་རླངས་འཁོར་དེ་ཐད་ཀར་སློབ་གྲྭའི་ནང་སྐྱེལ་འདྲེན་བྱེད་སྟངས་ཐོག་ནས་སྒྲིག་འཛུགས་བྱས་ཡོད།

བདེ་ཆེན་གྱི་སློབ་གྲོགས་ཚོས་གཤམ་གྱི་རེའུ་མིག་ལ་ལྟོས།☟☟☟