རང་ཁུལ་གྱིས་ཕྱོགས་ཡོངས་ནས་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལེགས་འགྲུབ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།   2018ལོ་ནས་བཟུང་། རང་ཁུལ་གྱིས་ཕྱོགས་ཡོངས་ནས་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་ལག་ལེན་བསྟར་བ་དང་འབྲེལ་ཕན་འབྲས་དངོས་ཐོན་ཡོད་ལ།2020ལོའི་ཟླ་3པའི་བར་ཁུལ་ཡོངས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་ཚང་མ་ལེགས་གྲུབ་བྱུང་ཡོད་པ་རེད།འདིའི་ཁྲོད་དུ། ཁུལ་ཡོངས་སུ་ཁྱོན་སྣུམ་སྣོན་ས་ཚིགས་72(དེའི་ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་42དང་། འཇོལ་རྫོང་14 འབའ་ལུང་རྫོང་16བཅས་ཚུད་ཡོད་)ཀྱི་ས་འོག་སྣུམ་སྣོད242(དེའི་ནང་རིམ་པ་གཉིས་ལྡན་གྱི་སྣུམ་སྣོད་202དང་། རིམ་པ་རྐྱང་པའི་སིམ་འགོག་སྣོད་ཆས་40)ལ་སིམ་འགོག་སྒྱུར་བཀོད་བྱས་པ་དང་སྒྱུར་བཀོད་ལེགས་འགྲུབ་བྱུང་ཚད་100%ཟིན་ཡོད་པ་རེད།

        ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་འགན་འཁྲི་ཁ་གསལ་བཟོ་དགོས། སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རྒྱལ་ཁབ་ཀྱི“ཆུའི་དོན་ཚན་བཅུའི”བླང་བྱའི་ནང་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་ལས་འགན་གལ་ཆེན་ཞིག་དང་།ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ནི་ལས་འགན་དང་བླང་བྱ་བརྟན་པོ་ཞིག་ཡིན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ཁུལ་མི་དམངས་སྲིད་གཞུང་གིས་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་སྒྲིག་འཛུགས་བྱས་པ་དང་། ཁུལ་ཁོར་ཡུག་ཅུས་ཀྱིས་སྔ་རྗེས་སུ་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་སྐུལ་འདེད་ཚོགས་འདུ་སྒྲིག་འཛུགས་བྱས་པ་རེད། ཁུལ་རིམ་པའི་ཁོར་ཡུག་སྲུང་སྐྱོང་དང་། ཚོང་དོན། བདེ་འཇགས་ལྟ་སྐུལ། མེ་ཟོན་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག《བདེ་ཆེན་ཁུལ་གྱི་ས་འོག་སྣུམ་སྣོད་ཀྱི་སིམ་འགོག་སྒྱུར་བཀོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་རེད། ཁུལ་སྦགས་བཙོག་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《དུས་ཐོག་ཏུ་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་སིམ་འགོག་སྒྱུར་བཀོད་ལས་དོན་གྱི་འཕེལ་རིམ་གོང་ཞུ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་བཀྲམ་ནས་སྣུམ་སྣོན་ས་ཚིགས་ཀྱི་སིམ་འགོག་སྒྱུར་བཀོད་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས་ཏེ་སྡེ་ཚན་ཁག་གི་ལས་བགོས་དང་འགན་འཁྲི་ཁ་གསལ་བཟོས་པ་རེད། 

        སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ། གཅིག་ནས་ལས་ཀའི་བཀོད་གཏོང་དང་བརྡ་ཁྱབ་དྲན་སྐུལ་ལམ་ལུགས་བཙུགས་ཏེ་སྣུམ་སྣོན་ས་ཚིགས་ཀྱི་སིམ་འགོག་སྒྱུར་བཀོད་ཀྱི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་བཀོད་གཏོང་བྱེད་དགོས་པ་དང་། དུས་བཀག་ལྟ་སྐུལ་ཞིབ་བཤེར་དང་། རྒྱུན་ལྡན་ཟུར་བཤེར། དུས་ངེས་མེད་ཀྱི་ཡུལ་དངོས་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སིམ་འགོག་སྒྱུར་བཀོད་ལེགས་འགྲུབ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕན་འབྲས་རྗེས་སྙེག་འདྲི་རྩད་དང་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་པ། ད་དུང་ཁ་པར་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཡིག་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་སྣུམ་སྣོན་ས་ཚིགས་ཀྱི་སིམ་འགོག་སྒྱུར་བཀོད་ཀྱི་བརྒྱུད་རིམ་ཁྲོད་འགུལ་རྣམ་གྱི་ལྟ་སྐུལ་དོ་དམ་བྱས་ནས་སྒྱུར་བཀོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ་རེད། གཉིས་ནི་ཁུལ་ཚོང་དོན་ཅུས་དང་ཁུལ་ཁོར་ཡུག་ཅུས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་བཙུགས་ནས་ཆེད་ལས་སྡེ་ཁག་དང་ཞིབ་ཕྲའི་འགན་འཁུར་བ་དམིགས་འཛུགས་བྱས་པ་དང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་མཉམ་འབྲེལ་བཀོད་གཏོང་བྱས་པ། ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་བ། ལས་དོན་རྗེས་ལུས་ཐེབས་པའི་རྫོང(གྲོང་ཁྱེར)དང་སྡེ་ཚན་ལ་ཡིག་ཐོག་ནས་དྲན་སྐུལ་དང་སྐོང་འདྲི་བཅས་བྱས་པ་མ་ཟད། དག་ཐེར་གྱི་བླང་བྱ་བཏོན་པ་དང་འབྲེལ་དག་ཐེར་དོན་འཁྱོལ་བྱས་ཚུལ་རྗེས་འདེད་ཀྱང་བྱས་པ་རེད།

        གྲལ་བཤེར་བྱས་ཏེ་ཕྱོགས་ཡོངས་ནས་སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་སྣོད་ཀྱི་གཞི་གྲངས་ཁོང་དུ་ཆུད་པར་བྱེད་དགོས། ཁུལ་ཡོངས་སུ་ས་གདན་རྣམ་པ་དང་ཡོངས་ཁྱབ་མཐིལ་རྟོགས་གྲལ་བཤེར་ལས་དོན་སྤེལ་ནས་སྣུམ་སྣོན་ས་ཚིགས་ཚང་མའི་གནས་ཡུལ་གྱི་ཆ་འཕྲིན་དང་ས་འོག་སྣུམ་སྣོད་བཅོས་སྒྲིག་གནས་ཚུལ་སོགས་མཐིལ་རྟོགས་བྱས་པ་དང་འབྲེལ་ཞིབ་ཚགས་བཟོས་ནས་བཅོས་སྒྲིག་ལས་དོན་ལ་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།              

        དུས་མཚུངས་སུ་དྲིལ་བསྒྲགས་ཆེད་དོན་བྱེད་ཤུགས་ཆེ་རུ་བཏང་ནས་སིམ་འགོག་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་དང་། ཚོང་དོན། བདེ་འཇགས་ལྟ་སྐུལ། མེ་ཟོན་སོགས་སྡེ་ཚན་གྱིས་རང་སོ་སོའི་དྲིལ་བསྒྲགས་སྟོབས་ཤུགས་དང་གཞི་རྟེན་གང་ལེགས་སྤྱད་དེ་སྒྱུར་བཀོད་བྱ་ཡུལ་དྲིལ་བསྒྲགས་སྐུལ་སློང་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་སྲིད་ཇུས་དང་བླང་བྱ་གསལ་བཤད་བྱེད་དགོས། སྣུམ་སྣོན་ས་ཚིགས་སྒྱུར་བཀོད་ཀྱིས་སྣུམ་སྣོན་མང་ཚོགས་ལ་ཤུགས་རྐྱེན་མི་ཕོག་པ་བྱས་ནས་སྤྱི་ཚོགས་ཐོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས།