བདེ་ཆེན་འབྲི་ཆུའི་འགྲམ་གྱི་སྤང་ནག་སེའུ་སྨིན་སོང་།

རྩོམ་པ་པོ།   ཧོ་ཐའེ་ཅུན།   ཡིག་བསྒྱུར།       དུས་ཚོད།   2020-05-03   རྩོམ་ཁུངས།   


    དབྱར་ཚུགས་པའི་སྔ་རྗེས་སུ་བདེ་ཆེན་གྱི་འབྲི་ཆུའི་འགྲམ་གྱི་སེའུ་སྡོང་ སྨིན་འགོ་ཚུགས་པ། དམར་སེར་དང་ལི་ཧང་གི་སྤང་ནག་སེའུ་ཚང་མ་ཡལ་གའི་སྟེང་དུ་བཀལ་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། ཡལ་གའི་རྩེ་ནས་མི་སེམས་འགུག་པའི་སྤང་ནག་སེའུ་ཡིས་ཀྱང་བྱིའུ་མང་པོ་དྲངས་ནས་ཡལ་གའི་སྟེང་ནས་སྐད་གསང་མཐོན་པོས་གླུ་ལེན་པ་རེད། 



    ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གོང་འོག་ཚང་མས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་“མཛེས་སྡུག་བཞི”གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས་རྒྱ་ཆེའི་གྲོང་གསེབ་མང་ཚོགས་ཀྱི་ཁོར་ཡུག་མཛེས་བཟོ་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཁྱིམ་ཚང་ཚང་མས་ཁང་པའི་རྒྱབ་མདུན་དུ་སྔོ་ལྗང་ཅན་གྱི་རྩི་ཤིང་བཙུགས་པས་གྲོང་ཚོ་ཁག་དང་གྲོང་སྡེ་ཁག་གི་རྣམ་པ་གསར་བར་གྱུར་ཡོད། (ཧོ་ཐའེ་ཅུན་གྱིས་པར་རིས་གསར་འགྱུར་བཀོད་པ། )