རྒྱལ་སྤྱིའི་སྨན་ཞབས་པའི་དུས་ཆེན་ལ་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་ཞབས་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་ཞུས་པ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-12   རྩོམ་ཁུངས།    ཁམས་པའི་དྲ་བ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་སྨན་ཞབས་པའི་དུས་ཆེན་ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་ཞབས་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཏུ་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་ཞུས་པ་རེད།

        ཞི་ཅིན་ཕིང་གིས།ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། རྒྱ་ཆེའི་སྨན་ཞབས་པ་ཚོས་ལས་འགན་མདུན་དུ་ཕྱིར་བཤོལ་མི་བྱེད་པ་དང་ཉེན་ཁར་མི་འཛེམས་པ།ལས་གནས་བརྟན་སྲུང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ།དཔའ་ངར་ཞུམ་མེད་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚེ་སྲོག་ལ་བསྙེན་བཀུར་དང་། ནད་བཅོས་སྲོག་སྐྱོབ།ལེགས་སྐྱེས་འབུལ་ཕོད་པ། བརྩེ་སེམས་མཐའ་ཡས་ཀྱི་བླ་མེད་སྙིང་སྟོབས་བཅས་ལག་ལེན་བསྟར་ཡོད་ཅེས་གསུངས་ཡོད།

        ཞི་ཅིན་ཕིང་གིས་ནད་སྐྱོང་ལས་དོན་ནི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན།རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་སྨན་ཞབས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་།སྨན་ཞབས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དེ་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་པ།ཕུལ་བྱུང་སྨན་ཞབས་པས་ཡུན་རིང་ནད་སྐྱོང་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བཅས་བྱ་དགོས།སྤྱི་ཚོགས་ཡོངས་ཀྱིས་སྨན་ཞབས་པར་བསམ་ཤེས་དང་རྒྱབ་སྐྱོར་བྱ་དགོས།རྒྱ་ཆེའི་སྨན་ཞབས་པས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་།མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། ཡང་འབད་བསྐྱར་འབད།ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་ཆེད་དུ་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།།