རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྐད་ཚགས་ཤང་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། མཐོ་གྲང་རི་ཁུལ་དུ་གཏོགས། ས་བབ་བྱང་མཐོ་ལ་ལྷོ་ངོས་དམའ་བ་དང་། གྲོག་རོང་འཕྲེད་གཞུང་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ཡོད་པ་དང་། ས་བབ་མཐོ་ཤོས་སྨི་5090ཡོད་ལ། ས་བབ་དམའ་ཤོས་སྨི་2520ཡོད་པ་རེད།
རི་ཁུག་ཏུ“གོས་དཀར་ཕོ་ཉའི”དཔུང་ཁག་འདི་འདྲ་ཞིག་ཡོད་དེ། དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་། ཁོང་ཚོས་སྨན་སྒམ་དང་། སྨན་བཅོས་སྒྲིག་ཆས་འཁུར་ནས་རི་བོ་བརྒལ་བ་དང་། དཀའ་ངལ་མི་གླེང་ལ། ཁོང་ཚོ་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་བསམ་པ་རྣམ་དག་གི་སྲུང་སྐྱོང་བྱེད་མཁན་དང་མང་ཚོགས་ཀྱི་སེམས་ནང་གི་སྨན་པ་བཟང་བོ་ཡིན་པ་རེད།
ད་ལོ་ལོ་ན་46ལ་སོན་པའི་སྐད་ཚགས་ཤང་སྔོ་ཤོད་གྲོང་སྡེའི་གྲོང་ཚོའི་སྨན་པ་སུང་ཧོང་ལན་གྱིས་བཤད་རྒྱུར། དེ་སྔ་གྲོང་ཚོའི་ནང་གྲོང་ཚོའི་འཕྲོད་བསྟེན་ཁང་མེད་པས་རང་ཉིད་ཀྱིས་ཁྱིམ་དུ་ཞིང་པའི་འཕྲོད་བསྟེན་ཁང་གཉེར་གྱི་ཡོད།ལོ་རབས་90བར་མང་ཚོགས་ཚང་མ་ཁྱིམ་དུ་ལོག་ནས་སྨན་པ་བསྟེན་པ་དང་། སྐབས་འགར་ལམ་ཐག་རིང་བ་དང་འཕྲད་སྐབས། ཁོ་མོས་ནད་པ་རང་ཉིད་ཀྱི་ཁྱིམ་དུ་བསྡད་དུ་བཅུག་པ་རེད།སུང་ཧོང་ལན་གྱིས་ཕྱིན་དྲན་བྱེད་ཞོར་དུ། དེ་སྔོན་འགོག་ཁབ་རྒྱག་སྐབས་གཞི་རྩའི་ཐོག་ཏུ་རྐང་ཐང་ལ་འགྲོ་དགོས་པ་དང་། ཁབ་སྨན་འཁྱགས་དགོས་པས། ཆ་རྐྱེན་མེད་པའི་རྐྱེན་གྱིས་འཁྱགས་ཁུག་གིས་འཁྱགས་སུ་འཇུག་དགོས། སྐབས་རེ་ལམ་ཕྱེད་དུ་སླེབས་སྐབས་སྨན་སྒམ་ནང་གི་སྨན་དེ་ཞུ་ཚར་བས་ཐག་ཉེ་ས་ནས་མང་ཚོགས་ཀྱི་འཁྱག་སྒམ་གཡར་ཏེ་འཁྱགས་སུ་བཅུག་ནས་སླར་ཡང་འགྲོ་དགོས་པ་དང་། སྐབས་རེ་ཐག་རིང་ཤོས་སུ་སྤྱི་ལེ་6འགྲོ་དགོས་ཀྱི་ཡོད།བེ་ཤ་འཐུ་བའི་སྐབས་དང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ། རྟ་ལ་བརྟེན་ནས་སྨན་རྫས་རི་མགོར་བསྐྱལ་དགོས་པ་དང་། རང་ཉིད་རི་མགོར་ཟླ་བ་གཅིག་ལྷག་བསྡད་དགོས་ཀྱི་ཡོད་ཅེས་བཤད་པ་རེད།
སུང་ཧོང་ལན་གྱི་ངོ་སྤྲོད་བྱས་པ་ལྟར་ན། དེ་སྔོན་སྨན་སྒམ་ནང་ཁྲག་ཤེད་འཇལ་ཆས་དང་། ཉན་བརྟག་ཡོ་བྱད། ལུས་དྲོད་འཇལ་ཆས་དང་རྒྱུན་མཁོའི་སྨན་རྫས་50ལྷག་ཙམ་ལས་མེད་ཅིང་། ཆམ་པ་དང་ཚ་བ་རྒྱས་པ། བཤལ་བ་སོགས་རྒྱུན་མཐོང་གི་ནད་རིགས་ཁོ་ན་ལ་ལྟ་ཙམ་བྱེད་ཀྱི་ཡོད། དུག་ཕོག་པ་དང་སྦྲུམ་མ་སོགས་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་ནུས་པ་མེད་པའི་གནས་ཚུལ་འཕྲད་སྐབས་རང་ཉིད་ཀྱིས་ཁུལ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་མཁན་མང་པོ་ཡོད། ད་ཆ་ཡག་པོ་འདུག གནད་སྨིན་དབུལ་སྐྱོར་བྱས་ཚུན། གྲོང་ཚོར་གྲོང་ཚོའི་འཕྲོད་བསྟེན་ཁང་བཙུགས་ནས“ཁང་བཞི”ལོགས་སུ་དབྱེ་ཡོད། ཁྱོན་སྨན་རྫས་100ལྷག་ཙམ་ཡོད་པ་དང་སྣ་ཁ་དེ་བས་ཆ་ཚང་བ་མ་ཟད། ས་གནས་དེ་གའི་འཕྲོད་བསྟེན་ཅུས་ཀྱིས་ཀྱང་གྲོང་ཚོ་འཕྲོད་བསྟེན་ཁང་ཚང་མར་བཙས་རྗེས་བཅར་འདྲི་ཁང་གི་ཁུག་མ་དང་བདེ་ཐང་གི་གཞི་གཅིག་འཕྲུལ་ཆས་སོགས་བཀོད་སྒྲིག་བྱས་ཡོད། གྲོང་ཚོའི་ནང་གྲོང་མི་ཚོར་སྟབས་བདེའི་ཚོད་ལྟ་ཁང་དུ་བརྟག་དཔྱད་བྱེད་ཀྱི་ཡོད། ད་ཆ་རང་ཉིད་སྨན་ཁང་དུ་སྨན་བཅོས་བྱེད་པར་རྐང་ཐང་དུ་སྐྱོད་མི་དགོས་པར་སྦག་སྦག་གིས་ཚབ་བྱས་ཡོད། ནད་གཞི་བརྟག་དཔྱད་བྱེད་པའི་སྨན་སྒམ་ནང་ཁྲག་ཤེད་འཇལ་ཆས་དང་ཁྲག་ཧྭགས་དཔྱད་ཆས་སོགས་ཡོད་པ་མ་ཟད། འཁྱེར་བའི་སྨན་རྫས་ཀྱང་མང་དུ་ཕྱིན་ཡོད་པ་རེད།
ད་ལོར་ལོ་ན་74ལོན་པའི་རྒན་མོ་དཀའ་ཐར་ལ་གྲིབ་ནད་ཕོག་སྟེ་རྐུབ་སྟེགས་འཁོར་ལོ་ཅན་དུ་བསྡད་ནས་ལོ་12སོང་ཡོད།བུ་ཆུང་གི་གནའ་མས་བཤད་རྒྱུར། དངོས་གནས་གྲོང་ཚོའི་སྨན་པ་ལ་ཐུགས་རྗེ་ཆེ་ཞུ་དགོས། ཉིན་མོ་ཡིན་ནའང་འདྲ། ཡང་ན་མཚན་མོ་དང་། ཨ་མ་གང་ནས་མི་བདེ་ན་མོས་དུས་ཐོག་ཏུ་འབྱོར་སྲིད། དེ་ལས་གཞན་ལོ་གཅིག་ལ་རིམ་རྩིས་བྱས་ན་སྒོར་3000གི་གཅོང་ནད་གྲོན་དངུལ་རྩིས་ཞུ་བྱེད་ཐུབ་ཀྱི་ཅེས་བཤད་པ་རེད།པདྨ་མཚོས་བསྒྱུར།