སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་གཞི་ཚུགས་ནས་གྲངས་ཉུང་མི་རིཊ་ཀྱི་རིག་གནས་ཀྱི་ཐུན་མོང་མིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོཊ་ཡོངས་ནས་མངོན་པར་བྱས་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཅིག་ནས་རྒྱལ་ཐང་གྲོང་རྡལ་གྱི་ནགས་ཕག་མཚོའི་བོད་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་དཔེ་སྟོན་གྲོང་ཚོ་དང་ཉི་ཤར་ཤང་གི་བོད་རིགས་རྫ་ནག་སྲེག་པའི་ལག་རྩལ་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་ཁྲིད་སྦྱོང་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་ཁྲིད་སྦྱོང་ཁང་གཉིས་ཀྱིས་གཙོ་གཟུགས་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་སྦྱོར་ལེགས་གྲུབ་ཟིན་ཡོད། གཉིས་ནས་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་དྲིལ་བསྒྲགས་བྱས་ཤིང་། གྲོང་ཁྱེར་ཡོངས་སུ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་སྲུང་སྐྱོང་མིང་གཞུང་70དང་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་128ཡོད་པ་རེད། རྒྱལ་ཐང་གྲོང་རྡལ་དང་། སན་པ་ཤང་། སྐད་ཚགས་ཤང་། གཏེར་མ་རོང་ཤང་སོགས་ཤང་གྲོང་4ཡི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་ཚགས་ལེགས་སྒྲིག་དང་གོང་འབུལ་ལས་དོན་ལེགས་འགྲུབ་བྱས་པ།《ཆུ་དཀར་ཆུ་ནག》དང་《ནགས་ཕག་མཚོའི་སྲོལ་རྒྱུན་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱོགས་བསྒྲིགས》དཔེ་དེབ་ཀྱི་ཐོག་མའི་མ་ཟིན་བྲིས་པ།《རྒྱལ་ཐང་སྐོར་བྲོ》དང་། 《མི་རིགས་མང་པོའི་ཀ་བེད་པ》《འཇང་རིགས་ཀྱི་དམངས་ཁྲོད་གཞས་ཐུང་》བཅས་ཀྱི་བརྙན་ལམ་དང་། སྒྲ་ཕབ། རྩོམ་སྒྲིག དཔེ་སྐྲུན་འགྲེམས་སྤེལ་སོགས་ཀྱི་འཚོལ་བསྡུ་ལས་དོན་ལེགས་འགྲུབ་བྱུང་བ།ཧུར་ཐག་སྒོས《རྟ་རྒྱུག་འགྲན་བསྡུར》གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འདུན་ཞུའི་ལས་དོན་སྤེལ་ཡོད། གསུམ་ནི་རིམ་པ་ཁག་གི་རིག་དངོས་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་རིམ་པའི་རིག་གནས་སྲུང་སྐྱོབ་ཚན་པའི་དབྱང་ཅ་གྲོང་ཚོའི་བྲག་བརྐོས་གཅོད་འབྲེག་གནས་སྤོའི་ལས་དོན་དང་རྡོ་མཁར་རྫོང་ཁོངས་སུ་ཁྱབ་བསྒྲགས་བྱས་པའི་ལོ་རྒྱུས་ཀྱི་བཟོ་བཀོད་དེ།དབྱང་ཚང་གི་སྡོད་ཁང་དང་། ཧོའུ་ཧྲི་སྒེར་བཙུགས་སློབ་གྲྭ མེའོ་ཧྲི་མགར་ཁང་སོགས་ལོ་རྒྱུས་ཀྱི་ཨར་སྐྲུན་ཞིང་དུད(ཚོང་དུད)49ཡི་མེ་ཟོན་བདེ་འཇགས་ཞིབ་བཤེར་དང་དྲིལ་བསྒྲགས། དེ་བཞིན་སྒོ་བྱང་སྤྲོད་པའི་ལས་དོན་སོགས་སྤེལ་བ་རེད།