པདྨ་རྡོ་རྗེའི་རི་སྐེད་མགྲོན་ཁང་གི་མ་འོངས་པའི་བསམ་གཞིག་དྲུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།    云南发布

    སུམ་རྩེན་སྤུས་ལེགས་མགྲོན་ཁང་གི་གསར་གཏོད་པ་ཡིན་པའི་ཆ་ནས་སུམ་རྩེན་གུང་གསེང་མགྲོན་ཁང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་པདྨ་རྡོ་རྗེ་ཡིས་ཕྱོགས་དྲུག་ནས་རི་སྐེད་མགྲོན་ཁང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་འདུག


    གཅིག རི་སྐེད་མགྲོན་ཁང་དང་གྲོང་གསེབ་དར་སྤེལ་བར་གྱི་འབྲེལ་བ་དམ་པ།

    པདྨ་རྡོ་རྗེས་རི་སྐེད་མགྲོན་ཁང་ངེས་པར་དུ་རི་གྲོང་ལ་བརྟེན་ནས་མགྲོན་ཁང་དང་གནས་པའི་གྲོང་ཚོ་བར་ལ་ཕན་ཚུན་བརྟེན་རེས་ཀྱི་འབྲེལ་བ་བཟང་བོ་ཆགས་དགོས་པར་འདོད།





    གཉིས། རི་སྐེད་མགྲོན་ཁང་གིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ།

    པདྨ་རྡོ་རྗེས་རི་སྐེད་མགྲོན་ཁང་འདེམས་སའི་གནས་དེར་རང་བྱུང་གི་ཁོར་ཡུག་ཡག་པོ་ཞིག་དགོས་པ་མ་ཟད། བརྗིད་ཉམས་དང་ལྟ་ན་སྡུག་པའི་མཛེས་ལྗོངས་ཡོད་དགོས་པས། འདི་ལྟ་བུའི་གནས་སུ་མགྲོན་ཁང་བཟོ་དགོས་ན་ཐོག་མར་གནས་དེའི་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་དགོས་པར་འདོད།  

    གསུམ། རི་སྐེད་མགྲོན་ཁང་གིས་གནད་འཁེལ་དང་ཚན་རིག་གིས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་དགོས་པ།

    རི་སྐེད་མགྲོན་ཁང་གི་རང་བཞིན་གྱིས་གནས་ཡུལ་འདེམས་པའི་དམིགས་བསལ་རང་བཞིན་གཅོད་བྱས་ཤིང་། ཁོར་ཡུག་ལ་གཏོར་བརླག་མི་བྱེད་པའི་གནས་ཚུལ་འོག་མགྲོན་ཁང་གི་གནས་ཡུལ་འདེམས་པ་ལ་དེ་བས་ཚན་རིག་དང་གནད་སྨིན་ལྡན་པའི་སྲིད་ཇུས་རོགས་སྐྱོར་བྱེད་དགོས་པར་འདོད།

    བཞི། རི་སྐེད་མགྲོན་ཁང་འཛུགས་སྐྲུན་གྱི་ས་ཞིང་གི་སྲིད་ཇུས་ལེགས་བསྒྱུར་བྱེད་དགོས།

    པདྨ་རྡོ་རྗེས་རི་སྐད་མགྲོན་ཁང་གི་ས་གནས་འདེམས་གསེས་ཅུང་དམིགས་བསལ་ཡིན་ཏེ། སྤྱི་བཏང་དུ་ཤང་གྲོང་གི་ས་ཞིང་བཀོལ་སྤྱོད་འཆར་གཞི་མེད་པས་རྣམས་གྲངས་ལྟར་ས་གནས་འདེམས་གསེས་གནད་འཁེལ་དང་འཆར་འགོད་བཅོས་བསྒྱུར་སྟབས་བདེ་བྱས་ནས། རྣམ་གྲངས་བདེ་ལེགས་ངང་ལེགས་འགྲུབ་བྱུང་བར་ཁྲིམས་མཐུན་ལུགས་མཐུན་གྱི་ས་ཞིང་བཀོལ་སྤྱོད་ལ་ཁག་ཐེག་བྱེད་དགོས་པར་འདོད།

    ལྔ། རི་སྐེད་མགྲོན་ཁང་ལ་སྔར་ལས་ལྷག་པའི་ཁྲལ་བསྡུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དགོས། 


    པདྨ་རྡོ་རྗེས་རི་སྐེད་མགྲོན་ཁང་མང་བོ་ཞིག་གྲོང་ཁྱེར་དང་ཤང་གྲོང་ལ་བར་ཐག་རིང་བའི་རི་ཁུལ་དུ་ཡོད་པས་ཤར་གཏོང་ལྔ་དང་སྙོམ་པོ་གཅིག་སོགས་རྨང་གཞིའི་འཛུགས་སྐྲུན་སོགས་མགྲོན་ཁང་རང་གིས་ལེགས་འགྲུབ་བྱུང་དགོས། སྲིད་གཞུང་གིས་གནས་ཚུལ་འདིར་དམིགས་ནས་རི་སྐེད་མགྲོན་ཁང་གི་ཁང་བདག་ཁྲལ་དང་ས་ཞིང་བཀོལ་སྤྱོད་ཀྱི་ཁྲལ་བསྡུའི་སྲིད་ཇུས་ཤིག་ལག་བསྟར་བྱེད་པའི་རེ་བ་བཏོན།

    དྲུག རི་སྐེད་མགྲོན་ཁང་འཛུགས་སྐྲུན་ལ་ཕན་འབྲས་ལྡན་པའི་ཐོན་ལས་མ་དངུལ་གྱི་རྒྱབ་སྐྱོར་དགོས།

    མཇུག་མཐར། པདྨ་རྡོ་རྗེས་རྒྱལ་ནང་གི་སྤུས་ལེགས་མགྲོན་ཁང་གི་མ་དངུལ་ཕྱིར་ལེན་གྱི་དུས་ཡུན་ཧ་ཅང་རིང་ལ། ཐོན་ལས་ནང་བཏང་བའི་ཡོང་འབབ་དམའ་བ་རེད། དེ་ཕྱིར་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་མ་དངུལ་སྐྱི་བ་དང་ཐོན་ལས་ཀྱི་རོགས་དངུལ། དེ་མིན་ནོར་སྲིད་ཀྱི་སྐྱེད་ཀའི་ཁ་གསེབ་དངུལ་སོགས་ཀྱིས་རི་སྐེད་མགྲོན་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། དུས་ཡུན་ཐུང་ངུའི་ནང་རྒྱ་སྐྱེད་དེ་ཡུན་ནན་གྱི་མིང་བྱང་ཞིག་ཏུ་གཏོད་པའི་རེ་བ་དང་འདུན་པ་བཤད།



 



    པདྨ་རྡོ་རྗེ། བོད་རིགས། སྔོན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བརྙན་འཕྲིན་ཁང་གི་སྙན་སྦྱོར་བ་དང་བརྙན་ལེན་པའི་ལས་འགན་བཞེས། སུམ་རྩེན་སྤུས་ལེགས་མགྲོན་ཁང་གི་གསར་གཏོད་པ་དང་སུམ་རྩེན་གུང་གསེང་མགྲོན་ཁང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ། མཐོ་སྒང་གི་བྱ་ཝང་དཀར་བོའི་སྤྱི་ཕན་རྣམ་གྲངས་ཀྱི་ཐོག་མའི་སྐུལ་སྤེལ་བ།