བདེ་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་དངོས་བྲིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཡུན་ནན་དེ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་བཏོན་པ་རེད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག་བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ2013ལོ་ནས་བཟུང་རྒྱལ་ཡོངས་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་པ་མ་ཟད་འབྲེལ་ཡོད་ལས་དོན་གྱི་ལག་བསྟར་བསམ་འཆར་ཡང་བཟོས་པ་རེད།2017ལོའི་ཟླ་12ཚེས་25ཉིན་འཚོགས་པའི་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།2018ལོ་ནས་བཟུང་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་2020ལོར་སླེབས་དུས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་བཏང་བ།

    བདེ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དང་དབུལ་སྐྱོར་གསར་སྤེལ་གྱི་མཉམ་འདྲེས་གཉིས་དང་སྐུལ་འདེད་གཉིས་མཐའ་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། མི་རིགས་ཁག་དབར་ཕན་ཚུན་རྒྱུས་མངའ་དང་།     ཕན་ཚུན་མཛའ་བརྩེ།     འགྲོ་འོང་། སྤེལ་རེས།  མཉམ་འདྲེས་བཅས་ཡོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྤྱིའི་ལྡེ་མིག་ལྟ་བུ་བརྩིས་ཡོད། 2019ལོར་བདེ་ཆེན་ཁུལ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)འཕར་ཚད་11.6%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཁུལ(གྲོང་ཁྱེར)16དང་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ལས་ཨང་དང་པོར་སླེབས་ཡོད། 2019ལོའི་ལོ་མཇུག་ཏུ་ཁུལ་ཡོངས་སུ་དབུལ་པོ་ཐོན་ཚད་2015ལོའི་24.95%ནས་0.53%བར་ཆག་པ་དང་ཁུལ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་བོ་ལས་ཐར་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དམངས་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ།

    བདེ་ཆེན་ཁུལ་གྱིས་ཁྱོན་ཡོངས་ནས་བཀོད་སྒྲིག་དང་། དམངས་ཡོངས་སྐུལ་སློང་། གཏིང་ཟབ་བཅས་ཀྱི་སྒོ་ནས་གསར་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ་རེད། སྔ་རྗེས་སུ་རེས་སྐོར་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་བཅུ་བརྒྱ་སྟོང་ཁྲིའི་དཔེ་སྟོན་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་། དཔེ་སྟོན་རྫོང་1དང་། དཔེ་སྟོན་ཤང་གྲོང(ཁྱད་ལྡན་གྲོང་རྡལ)7དཔེ་སྟོན་གྲོང་ཚོ(སྡེ་ཁུལ་)47གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་21 དཔེ་སྟོན་དུད་ཚང་1000ལྷག་གི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་ཐང་སྟོད་དང་། ཁ་བཏགས།  མེ་ལོང་སོགས་ཡུལ་མིའི་སྡོད་ཁང་ལ་ཁྱད་ཆོས་ལྡན་པ་དང་། ཐོན་ལས་སྟོབས་ལྡན། ཁོར་ཡུག་བཟང་བ། དམངས་ཕྱུག་གྲོང་ཚོ་དང་མི་མཛེས་འཆམ་མཐུན་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གཅིག་ཆགས་ཡོད། 

    རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་བ།

བདེ་ཆེན་གྱིས་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་སུ་ལོ་14རིང་གི་རིན་མེད་སློབ་གསོའི་སྲིད་ཇུས་སྔོན་ལ་ལག་བསྟར་བྱས་ནས་ལོ་ལྟར་གནད་སྨིན་དབུལ་སྐྱོར་དུད་ཚང་གི་ཆེད་ཚན་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་ས་མཐོའི་ཞིང་འབྲོག་པའི་མཐོ་རིམ་སློབ་འབྲིང་གི་སློབ་མར་སློབ་སྐྱོར་ཁ་གསབ་སྤྲོད་པ་དང་། སློབ་ཞུགས་གོང་གི་སློབ་གསོ་དང་སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་བ། མི་རིགས་སློབ་ཆུང་དང་མི་རིགས་སློབ་འབྲིང་ཡག་པོ་གཉེར་བ། ཁུན་མིང་དང་། ཆུས་ཅིང་། ཡུས་ཤིས་སོགས་ཁ་གཏད་རོགས་སྐྱོར་གྱི་ཁུལ་དང་གྲོང་ཁྱེར་དུ་བདེ་ཆེན་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ་མཐུན་སྦྱོར་ངང་གཉེར་ནས། བདེ་ཆེན་ཁུལ་གྱི་གྲོང་གསེབ་སློབ་མའི་འབྲིང་རིམ་ལས་རིགས་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པའི་ཚོད་ལྟའི་ལས་དོན་ལག་བསྟར་བྱས་ཏེ་རིག་གནས་དང་ལུས་རྩལ་བྱ་གཞག་སོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།