རང་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་5པའི་ཚེས་8ཉིན་གྱི་སྔ་དྲོར། ཁུལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རྩ་འཛུགས་བྱེད་པའི་རང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཏེ།  ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱིས་འགན་ཁུར་མི་སྣ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་《དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པའི་རྒྱབ་ལྗོངས་དང་ནང་དོན་གཙོ་བོ། དེ་བཞིན་དོན་འཁྱོལ་མཐའ་ཕྱིན་སོགས་འབྲེལ་ཡོད་གནས་ཚུལ་སྐོར་གསར་འགྱུར་ཡོངས་བསྒྲགས་བྱས་པ་དང་། ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱས་པའི་གསར་འགྱུར་སྨྱན་སྦྱོར་ཁག་དང་ཁུལ་རིམ་པའི་གསར་འགྱུར་སྨྱན་སྦྱོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་བཅས་ཀྱི་གསར་འགོད་པ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས།

        《ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བ་སྐོར་གྱི་ལག་བསྟར་བསམ་འཆར》དེ་2020ལོའི་ཟླ་3པའི་ཚེས་30ཉིན་དུ་བཏོན་པ་དང་། ནང་དོན་གཙོ་བོ་ཕྱོགས་དྲུག་དང་དོན་ཚན་ཉེར་བདུན་ཡོད་ལ།  ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་《བསམ་འཆར》དེ་བཏོན་པ་ནི་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན།  བྱེད་ཐབས་འདི་དག་ལག་བསྟར་བྱེད་ན་རིམས་ནད་ཀྱིས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པར་ཕན་ཐོགས་ཡོད་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་ཕན་ཐོགས་ཡོད་པ། དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་གསར་གཏོད་ནུས་པ་འཕེལ་བ་ལ་ཕན་ཐོག་ཡོད་པས་དངོས་ཚན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད།

        ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་དང་ཁུལ་ནོར་སྲིད་ཅུས། ཁུལ་མི་དམངས་དངུལ་ཁང་།  ཁུལ་ཁྲལ་དོན་ཅུས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཉམ་འདྲེས་ཡོངས་བསྒྲཊ་བྱས་པ་དང་གསར་འགོད་པའི་འདྲི་བར་ལན་འདེབས།