སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་38.58ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དུས་ཚིགས་དང་པོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་38.58ཟིན་པ་དེ་དུས་མཚུངས་ལས་2.6%འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ལས་སོ་སོར་བརྒྱ་ཆའི་གྲངས་6.9དང་2.3མཐོ་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོར་“བརྟན་པོ་གསུམ་དང་ཆག་པ་གཉིས་”ཀྱི་འཁོར་སྐྱོད་ཁྱད་ཆོས་མངོན་ཡོད།

        ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བརྟན་པོའི་ཁྲོད་བཟང་ཕྱོགས་སུ་འཕེལ་ཡོད་དེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྣམ་གྲངས་རེ་ལ་ཇུས་གཞི་རེ་ཞེས་པ་དང་ཁེ་ལས་རེ་ལ་ཇུས་ཆོད་རེ་ཞེས་པ། གནད་དོན་རེ་ལ་ཐབས་ཤེས་རེ་ཞེས་པ་བཅས་རྒྱུན་འཁྱོངས་བྱས་པ་དང་  བྱེད་ཐབས་སྣ་མང་བརྒྱུད་དེ་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་མངའ་ཁོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་19ཡི་ཐོན་སྐྱེད་སླར་གསོ་བྱེད་ཚད་94%ཟིན་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཚོང་གཉེར་སླར་གསོ་བྱེད་ཚད་86%ཟིན་པ། མགྲོན་ཁང་གི་ཚོང་གཉེར་སླར་གསོ་བྱེད་ཚད་78% ཟིན་པ།  གྲོང་ཁྱེར་མངའ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱིས་ལས་ཀ་སླར་གསོ་བྱེད་ཚད་57%ཟིན་ཡོད་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་5འཕར་ཡོད། ལས་གཏོད་དངུལ་བུན་དང་གྲངས་ཉུང་ཁག་ཐེག་དངུལ་བུན་དུད་ཚང་100བདག་སྤྲོད་བྱས་པ་དང་། ལས་མི་བསྡུ་བའི་ལས་གནས་5400ཁྱབ་བསྒྲགས་བྱས་པ། རིགས་སོ་སོའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་ཁྲི་1267.5ཕྱིར་སློག་དང་རྩ་ཆག་བཏང་ཡོད།

        རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བརྟན་པོའི་ཁྲོད་འཕར་ཡོད་དེ།  གཅིག་ནི་དངུལ་རྩ་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ། གཉིས་ནས་གློག་སྤྱོད་ཚད་འཕར་སྣོན་མངོན་གསལ་བྱུང་བ།  གསུམ་ནི་སྲིད་ཇུས་དང་བྱེད་ཐབས་ཕན་ནུས་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་པ།

        སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ནས་འཕར་ཡོད་དེ།  གཅིག་ནི་ནོར་སྲིད་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་།               གཉིས་ནི་དམངས་འཚོར་མ་དངུལ་འཇོག་གྲངས་མུ་མཐུད་ནས་མང་དུ་གཏོང་བ།  གསུམ་ནི་ལས་ཞུགས་གནས་བབས་གཏན་འཇགས་ཡིན་པ།

        ཐོན་ལས་ཆེན་པོ་གསུམ་གྱི་འཕར་ཚད་ཆག་སྟེ།  གཅིག་ནི་བཟོ་ལས་དཔལ་འབྱོར་བརྟན་པོའི་ཐོག་དལ་དུ་སོང་བ། གཉིས་ནས་ཞིང་ལས་ཐོན་སྐྱེད་མར་ཆག་པ།  གསུམ་ནི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ།

ཁྲོམ་རའི་དགོས་མཁོ་ཅུང་ཆག་སྟེ།  གཅིག་ནི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་ཅུང་འཕར་བ།  གཉིས་ནི་མཛད་སྤྱོད་ཁྲོམ་ར་ཞན་པ།  གསུམ་ནི་གྲོང་མིའི་ཡོང་འབབ་ཅུང་ཆག་པ་རེད།