ཁྲོན་བོད་ལྕགས་ལམ་གྱི་རྣམ་གྲངས་བརྟན་པོའི་ངང་སྒྲུབ་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-16   རྩོམ་ཁུངས།    མི་དམངས་དྲ་བ།

    ཉེ་ཆར། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་ཕུག་ལམ་47ཚང་མ་ཤར་གཏོང་ཐུབ་ཡོད་པས། ལམ་དུམ་དེའི་ལམ་ཐིག་ཚང་མ་ཤར་གཏོང་ཐུབ་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་མཁན་ཚོས་དཀའ་ངལ་ཁྱད་དུ་བསད་ནས། རྒྱུན་མཐུད་ངང་འགག་སྒྲོལ་དང་། རྣམ་གྲངས་བརྟན་པོའི་ངང་སྤེལ་ནས་སླར་ཡང་མཐོ་སྒང་གི་“མཁའ་ལམ”ཞིག་རིམ་བཞིན་འཆར་འགོད་ནས་མངོན་འགྱུར་ཡོང་བཞིན་ཡོད།