བདེ་ཆེན་ཁུལ་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

 སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་16ཉིན་གྱི་ཕྱི་དྲོར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཁུལ་ཨུའི་སྙན་ཞུ་ཁང་དུ་འགོ་ཚུགས་པ།

    ཐེངས་འདིའི་གྲོས་ཚོགས་སུ་འཐུས་མི་246ཞུགས་དགོས་པ་དང་།དངོས་སུ་206ཞུགས་ཡོད་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།   

    ཁུལ་དཔོན་ཆི་ཅན་ཞིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་ཀའི་སྙན་སེང་ཞུས།

    ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི།ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཞའོ་ཞུས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ད་དུང་ཝང་དབྱི་ཀྲི་དང་།  ཆི་ཅན་ཞིན།  ཡུས་ཧྲེང་ཞང་། ཀྲང་ཝེ་ཏུང་། ཝང་ཡུན་སུང་།ཁྲེན་ཅུན་མིང་། ཞའོ་ཞུས། ཞའོ་ཝུའུ། དབྱང་ཅན་ཧྭ། ཡུས་ཀུའེ་ཧྥུན། ཕུའུ་ཅང་བཅས་ཡོད།

    སྙན་སེང་ཐོག་བསྟན་དོན།  2019ལོར།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་འགོ་ཁྲིད་སྟོབས་ལྡན་འོག ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རང་འགུལ་ངང་ལག་ལེན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། འཕར་སྣོན་བརྟན་པོ་དང་བསྒྱུར་བཅོས་ལ་སྐུལ་འདེད།གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་གནད་སྨིན་དབུལ་སྒྲོལ་དང་།སྦགས་བཙོག་འགོག་བཅོས། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱབ་པ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་ལ། ཁུལ་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་ལེགས་ཙམ་བསྒྲུབས་ཡོད།

     སྙན་ཞུའི་ཐོག་བསྟན་དོན།2020ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་དེ།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས།“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱས་ནས།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ། ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གཞིར་བཟུང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ནས།གཏིང་ཟབ་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་རིག་གནས་ལ་བརྟེན་ནས་ཁུལ་དར་བ།ཐོན་ལས་ལ་བརྟེན་ནས་ཁུལ་རྒྱས་བ།འཆམ་མཐུན་ལ་བརྟེན་ནས་ཁུལ་བདེ་བ་བཅས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བ། སྔར་ལས་ལྷག་པའི་སྒོ་ནས་འཕར་སྣོན་བརྟན་པོ་དང་།བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཧུར་ཐག་སྒོས་བདེ་ཆེན་བོད་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས།

    སྙན་ཞུའི་ནང་ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་10%ཡས་མས་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་10%ཡས་མས་འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་5%ཡས་མས་འཕར་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%ཡས་མས་འཕར་བ།གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡས་མས་འཕར་བ།སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་10%ཡས་མས་འཕར་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་4.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་།རྩིས་གཞི་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དེ་ཞིང་ཆེན་གྱིས་འོག་རིམ་ལ་ཁྱབ་བསྒྲགས་བྱེད་པའི་དམིགས་འབེན་ནང་ཚོད་འཛིན་བྱ་དགོས།

    གོང་གསལ་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱུང་བར་གཙོ་གནད་ཕྱོགས་10ནས་དམ་འཛིན་ཡག་པོ་བྱེད་དགོས་ཏེ།གཅིག་ནི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དམག་འཐབ་ཆེན་མོ་ཡག་པོ་རྒྱག་དགོས།གཉིས་ནི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དམག་འཐབ་ཆེན་པོ་ཡག་པོ་རྒྱག་དགོས།གསུམ་ནི་དབུལ་སྒྲོལ་སྲ་བརྟན་གྱི་དམག་འཐབ་ཆེན་མོ་ཡག་པོ་རྒྱག་དགོས། བཞི་ནི་སྐྱེ་ཁམས་འཛུགས་སྐྱོང་གི་དམག་འཐབ་ཆེན་མོ་ཡག་པོ་རྒྱག་དགོས། ལྔ་ནི་རྣམ་གྲངས་འཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། དྲུག་ནི་གྲོང་ཁྱེར་འཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། བདུན་ནི་གྲོང་གསེབ་དར་རྒྱས་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། བརྒྱད་ནི་སྒྱུར་བཅོས་སྒོ་དབྱེའི་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། དགུ་ནི་དམངས་འཚོ་ལེགས་གཏོང་ཐད་ཚད་བརྒལ་ཡོང་བ་བྱེད་དགོས། བཅུ་ནི་སྤྱི་ཚོགས་བཅོས་སྐྱོང་ཐད་ཚད་བརྒལ་ཡོང་བ་བྱེད་དགོས།

    སྙན་ཞུའི་ནང་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས།མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ཅུན་མིང་གིས་ཚོགས་ཆེན་ཐོག་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཚབ་ཡོན་ཀྲང་ཀྲང་ཡུས་ཀྱིས་ཚོགས་ཆེན་ཐོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཝང་ཁའེ་ཧྲི་ཡིས་ཚོགས་ཆེན་ཐོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།

    ཚོགས་ཆེན་གྱི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་གྱིས་ཡིག་ཐོག་གི་རྣམ་པའི་ཐོག་ནས་འཐུས་མིར་བདེ་ཆེན་ཁུལ་གྱི་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་།2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།བདེ་ཆེན་ཁུལ་གྱི2019ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ས་གནས་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་བ།ཚོགས་ཆེན་ཐོག་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞའོ་ཝུའུ་ཡིས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དག་བཅོས་འཆར་ཟིན(མ་ཟིན)》དང་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་(མ་ཟིན་)》སྐོར་གྱི་གསལ་བཤད་ལ་གསན་པ།ཚོགས་ཆེན་ཐོག་ད་དུང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འདེམས་བསྐོའི་བྱ་ཐབས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    ཀྲུའུ་ཞི་སྡིངས་ཆའི་ཐོག་ད་དུང་ཏུའུ་ཡུང་ཁྲུན་དང་ལི་ཡན་ལན།བཀྲ་ཤིས་དོན་འགྲུབ།དབྱང་ཙི་ཅང་།མིའོ་ཡིའུ་ཧྥ།ཀའོ་ཀུའོ་ཁྲེང་།ཞུས་ཕེང་ཧྲིན།ཝང་ཝིན་ཅ།ཁུང་ཝེ་ཧྭ།ཧ་ཡུས་ཧྥེང་།ཏུའུ་ཅང་།ཚའེ་ཝུའུ་ཁྲེང་།དབྱང་ཀྲེང་དབྱི།སུང་ཐའོ།ཁྲེང་ཕེང་།ཝུའུ་ཞུའེ་ཀྲུའུ།ལི་ཆིང་ཕེ།དབྱང་ཧྥེང་ཞི།ཤར་རྩེ་བསྟན་འཛིན་ཆོས་འཕེལ།ཀུའོ་ཁྲུང་ཞན།ཧྲི་ཁྲུན་མིང་།སྐལ་བཟང་རྣམ་རྒྱལ།ཀྲང་ཡུས།ཝང་ཁའེ་ཧྲི་སོགས་བཞུགས་ཡོད།

  ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཨུ་ཡོན་དང་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་གནང་བ།

ཚོགས་རའི་ཡུལ་དངོས།