རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་བ་དང་བསྟུན་ནས། བཟའ་བཏུང་གི་གྲུབ་ཚུལ་ཐད་ལ་ཡང་འགྱུར་ལྡོག་མི་ཉུང་བ་ཞིག་བྱུང་ཡོད་ཅིང་།གཅིན་སྐྱུར་གྱི་ཚད་མཐོ་བའི་མི་ཚོགས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།ཀུན་གྱིས་ཤེས་དགོས་པ་ཞིག་ལ།གཅིན་སྐྱུར་གྱི་ཚད་མཐོ་བའི་ངོས་འཛིན་བྱེད་སྟངས་ནི།སྐྱེས་པ་ཡིན་ན་ཚད་གཞི་420+mol/Lལས་མཐོ་བ་དང་།བུད་མེད་ཡིན་ན་ཚད་གཞི་360umol/Lལས་མཐོ་བ་དེ་རེད། གཅིན་སྐྱུར་གྱི་ཚད་མཐོ་བ་དེར་ཚོད་འཛིན་མ་བྱས་ན་དེས་ང་ཚོར་རྙོག་དྲ་མང་པོ་ཞིག་བཟོ་སྲིད་པ་དང་།གཅིན་སྐྱུར་གྱི་ཞུན་ཐིགས་མང་དྲགས་ན་ལྷུ་ཚིགས་སུ་དིམ་བསགས་ཐེབས་ནས་དྲེག་ནད་རང་བཞིན་གྱི་ཚིགས་ནད་སློང་སྲིད་པ་རེད།མཁལ་མར་དིམ་བསགས་བྱས་ནས་དྲེག་ནད་རང་བཞིན་གྱི་མཁལ་ནད་སློང་སྲིད། ཁྲག་རྩའི་ལྡེབས་ལ་ཕོག་ཐུག་བཏང་ནས་འཕར་རྩ་སྲ་འགྱུར་དུ་གཏོང་བ་དང་།ཁྲག་ཤེད་མཐོ་བ་དང་སྙིང་ནད་ཀྱི་ནད་གཞི་ཇེ་སྡུག་ཏུ་འགྲོ་བར་བྱེད།ཤན་རྨེན་Bཡི་ཕྲ་ཕུང་ལ་ཕོག་ཐུག་བཏང་ནས་གཅིན་སྙི་ཟ་ཁུའི་ནད་ཀྱང་འབྱུང་ཉེན་ཡོད།
དེས་ན་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཕྱོགས་གང་དག་ལ་དོ་སྣང་བྱེད་དགོས་སམ་ཞེ་ན།
ཐོག་མར་བཟའ་བཏུང་གི་ཐད་ནས་ཚོད་འཛིན་བྱེད་དགོས་ཏེ། གཙོ་བོ་སྲོག་ཆགས་ཀྱི་ནང་ཁྲོལ་དང་མཚོ་ཟས་ལ་འཛེམ་དགོས། སྔོ་ཚལ་གསར་བ་དང་སིལ་ཏོག(སྲན་རིགས་འོས་འཚམ་)མང་དུ་ཟ་བ་དང་། དཔེར་ན་མེ་ཏོག་ལུག་མཉེ་(百合)དང་སྲེའུ(樱桃)་སོགས་ཀྱིས་གཅིན་སྐྱུར་ཕྱིར་འབུད་བྱེད་པར་ནུས་པ་ཐོན་གྱི་ཡོད། ཆང་དང་སྐོམ་ཆུའི་རིགས་ལ་ལྷག་པར་འཛེམ་དགོས་ཤིང་དེ་ལས་ཀྱང་ཝུ་ཆང་ལ་འཛེམ་དགོས་པ་རེད།
དེས་ནས་རྒྱུན་པར་ཆུ་མང་ཙམ་འཐུང་དགོས། ཉིན་རེར་ཆུ་འཐུང་ཚད་ཧྲིན་1.5ཡན་ཆད་ཡོད་ན་བཟང་བ་དང་། ཉིན་རེར་གཅིན་གཏོང་ཚད་2000-2500mlལ་སླེབས་པར་ཁག་ཐེག་བྱས་ན།གཅིན་སྐྱུར་ཕྱིར་འབུད་བྱེད་ཚད་ཇེ་མང་དུ་འགྲོ་བ་རེད། གཞན་ཡང་རྒྱུན་པར་ལུས་རྩལ་སྦྱོང་བརྡར་བྱེད་པ་དང་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱས་ནས་ལུས་པོའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། ཡང་ཅིག་བཤད་ན་ཐ་མག་མི་འཐེན་རྒྱུ་དེ་ཡང་ཕྱོགས་གལ་ཆེན་ཞིག་ཡིན། ང་ཚོས་འཚོ་བའི་གོམས་གཤིས་ལེགས་སྒྲིག་ཧུར་ཐག་བྱས་ཏེ་བཟའ་བཏུང་འགུལ་སྐྱོད་ཀྱི་ཆོས་ཉིད་བཟང་པོ་ཞིག་ཆགས་པ་དང་གཅིན་སྐྱུར་མཐོ་བའི་ཁྲག་ནད་འགོག་བཅོས་ཧུར་ཐག་བྱས་ནས་བདེ་ཐང་གི་གཟུགས་གཞི་རྒྱུན་འཁྱོངས་བྱེད་དགོས།
ཚང་མས་ཤེས་གསལ་ལྟར། གཅིན་སྐྱུར་མཐོ་བའི་ཐོག་མའི་དུས་སྐབས་སུ།ལུས་ཕུང་ལ་མི་བདེ་བའི་ནད་རྟགས་མངོན་གསལ་མེད་པས། གཅིན་སྐྱུར་མཐོ་བའི་ནད་ལ་ཁུ་སིམ་སིམ་གྱི་ལག་དམར་ཞེས་འབོད་སྲོལ་ཡོད། དེར་བརྟེན། ཚང་མས་ངེས་པར་དུ་དུས་བཅད་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱེད་དགོས་པ་དང་།གལ་ཏེ་ཁྲག་གི་ནང་དུ་གཅིན་སྐྱུར་གྱི་ཚད་དེ་རྒྱུན་ལྡན་གྱི་ཚད་ལས་མཐོ་བ་ཤེས་ན། ངེས་པར་དུ་ཚད་ལྡན་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས་པ་དང་།སྨན་པའི་མཛུབ་སྟོན་འོག་སྨན་བཀོལ་བ། ནད་ལ་གཞིགས་ནས་གསོ་བཅོས་བྱེད་རྒྱུ་གལ་ཆེ་བ་རེད།