ཝང་དབྱི་ཀྲིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ཞིབ་བཤེར་ནང་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།ཟླ5པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་དང་། འབའ་ལུང་རྫོང་འཐུས་མི་ཚོགས་པ། འཇོལ་རྫོང་འཐུས་མི་ཚོགས་པའི་གྲོས་ཞིབ་ཞིབ་བཤེར་ནང་ཞུགས་པ་རེད།

ཝང་དབྱི་ཀྲིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལངས་ས་མཐོར་འདེགས་དང་། བསམ་བློ་བཅིངས་འགྲོལ། འདུ་ཤེས་གསར་སྒྱུར་བཅས་བྱ་དགོས་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་“སྲུང་སྐྱོང་གཉིས་”དོན་འཁྱོལ་ཏན་ཏིག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བདེ་ཆེན་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོགས་རྒྱུའི་འགན་ལེན་བྱེད་དགོས།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ཞིབ་བཤེར་ནང་ཞུགས་སྐབས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་བརྩི་བ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོར་དམ་འཛིན་ནན་པོ་བྱས་ནས“སྣེ་ཁྲིད”ནུས་པ་འདོན་སྤེལ་བྱེད་དེ་ལས་དོན་ཁག་དོན་འཁྱོལ་དམ་འཛིན་བྱ་དགོས་ཞེས་བསྟན་པ་དང་།འབའ་ལུང་འཐུས་མི་ཚོགས་པའི་གྲོས་ཞིབ་ཞིབ་བཤེར་ནང་ཞུགས་སྐབས།ད་ལོར་དབུལ་སྒྲོལ་འགག་སྒྲོལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚོད་བགམ་གཉིས་ཁ་གཏད་གཅོད་པར། འབའ་ལུང་རྫོང་གི་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། འགོ་འཛུགས་ས་གསར་པའི་ཐོག་ལངས་ནས།འབའ་ལུང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུའི་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་བསྟན་པ། འཇོལ་རྫོང་འཐུས་མི་ཚོགས་པའི་གྲོས་ཞིབ་ཞིབ་བཤེར་ནང་ཞུགས་སྐབས།“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་སྒྲིག་བཟོ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཇུས་འགོད་ནན་ཏན་བྱས་ཏེ།མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གཙོ་གནད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ་རེད།