སེམས་ཀྱི་ཉི་ཟླ་གཞུང་ལམ་ཡན་ལག་ཅུས་ཀྱིས་གཞུང་ལམ་བདག་སྐྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉིན་བསྟུད་མར་བདེ་ཆེན་གྱི་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་ཆབས་ཅིག སེམས་ཀྱི་ཉི་ཟླ་གཞུང་ལམ་ཡན་ལག་ཅུས་ཀྱིས་གཞུང་ལམ་བདག་སྐྱོང་གི་དུས་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་།  མི་ཤུགས་དང་དངོས་ཤུགས་གཅིག་སྡུད་བྱས་ནས་རྒྱལ་ལམ་214ཡི་སེམས་ཀྱི་ཉི་ཟླ་ནས་སུང་ཡོན་ཟམ་པའི་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།    ནུས་ཤུགས་ཡོད་རྒུས་རྒྱལ་ལམ་214རྒྱུད་ཀྱི་སེམས་ཀྱི་ཉི་ཟླ་ནས་སུང་ཡོན་ཟམ་པའི་བར་གྱི་རིམ་པ་གཉིས་གཞུང་ལམ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་རེད།