ཀོང་ཀྲོའུ་ནས་བདེ་ཆེན་དང་དེ་ནས་ལྷ་ས་བར་གྱི་འགྲོ་འོང་མཁའ་ལམ་ཤར་གཏོང་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཤར་ཕྱོགས་མཁའ་འགྲུལ་གྱི་ཀོང་ཀྲོའུ་ནས་བདེ་ཆེན་དང་དེ་ནས་ལྷ་ས་བར་གྱི་འགྲོ་འོང་མཁའ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཅིང་མཁའ་ལམ་དེ་ཉིན་རེར་ཐེངས་རེ་ཡོད།   མཁའ་ལམ་ཤར་གཏོང་ཐུབ་པ་དེས་བདེ་ཆེན་གྱིས་ཀྲུང་གོའི་ཤར་རྒྱུད་བོད་ཁུལ་གྱི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་གཏོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།