རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
2019ལོའི་ཟླ9པའི་ཚེས24ཉིན་ནས་ཟླ10པའི་ཚེས8ཉིན་བར།ང་རང་ཁྱིམ་མི་དང་མཉམ་དུ་སྒེར་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད། ལམ་བར་དུ་ཆབ་མདོ་དང་། ཉིང་ཁྲི། ལྷ་ས། གཞིས་ཀ་རྩེ། རྒྱལ་རྩེ། ལྷོ་ཁ་སོགས་བརྒྱུད་དེ་འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ་བརྒལ་ལ། ཧོར་ལ་དང་། ཨུ་ལ། གདོང་མདའ། གསེར་བྱ་ལ་སོགས་གངས་རི་བརྒལ་ནས་ལེ་བར་སྤྱི་ལེ4736བསྐྱོད་ཅིང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་དང་རང་བྱུང་མཛེས་ལྗོངས་མཚོན་པའི་པར་རིས་སྟོང་ལྷག་བླངས་པ་ཡིན། གཤམ་ནས་པར་རིས་ཁ་ཤས་བདམས་ཏེ་ཚང་མའི་སྤྱན་ལམ་དུ་འབུལ་བར་བྱ།
བོད་ལྗོངས་ནི་མཚོ་བོད་ས་མཐོའི་ལྷོ་ནུབ་རྒྱུད་དུ་གནས་ལ།འཛམ་གླིང་གི་ཡང་རྩེ་ཞེས་འབོད་སྲོལ་ཡོད།གནས་འདི་ན་མི་ཆོས་དང་རང་བྱུང་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད།
ལོ་ངོ་སྟོང་ཕྲག་ལྡན་པའི་ཚྭ་ཁ་རོང་།འདི་ནི་ཡུན་ནན་ནས་བོད་ལྗོངས་སུ་བསྐྱོད་པའི་ས་ཚིགས་དང་པོ་སྟེ་སྨར་ཁམས་རྫོང་ཚྭ་ཁ་རོང་འཇང་རིགས་ཤང་དུ་གནས་པ་དང་།ཇ་རྟའི་ཚོང་ལམ་གྱི་ལམ་རྒྱུད་གཙོ་བོ་ཞིག་ཡིན་པ་དང་།དེང་གི་རྒྱལ་ལམ་214ཐིག་གི་འགག་ལམ་ཡིན།
ཇོ་པ་རི་བོའི་མཛེས་ལྗོངས། བོད་ལྗོངས་ཤར་རྒྱུད་ཀྱི་མཛོ་སྒང་རྫོང་གི་ཁོངས་སུ་ཆགས་ཡོད།གནས་འདིའི་ས་བབ་མཐོ་པོ་མེད་ཀྱང་ཡུལ་ལྗོངས་ཡག་པོ་ཡོད།རི་འདབས་སུ་རྫ་ཆུ་བཞུར་བཞིན་ཡོད་ལ།འདི་ནི་འཕྲེད་བཅད་རི་ཁུལ་གྱི་ཉེན་ཁ་ཆེ་བའི་ལམ་སྣ་གྲགས་ཅན་གྱི་གྲས་ཤིག་རེད།
གདོང་མདའ་རི་བོའི་ཡུལ་ལྗོངས། གདོང་མདའ་རི་བོ་ནི་བོད་ལྗོངས་མཛོ་སྒང་རྫོང་གི་ཁོངས་སུ་ཆགས་ཡོད། ཉག་གའི་ས་བབ་ཀྱི་མཐོ་ཚད་ལ་སྨི་5008ཡོད་པ་དང་།དེ་ནི་སི་ཁྲོན་ནས་བོད་ལྗོངས་བར་གྱི་གཞུང་ལམ་ཐོག་ས་བབ་མཐོ་ཤོས་ཨང་གཉིས་པ་ཡིན།འདི་རུ་ཁ་བ་བབས་མ་ཐག་ཡིན་པས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག
གཡས་ལ་རི་རྩེའི་བྲག་ཕུག འདི་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་དཔའ་ཤོད་རྫོང་དུ་གནས་ཡོད། རི་རྩེའི་བྲག་ཕུག་ལ་གནམ་གྱི་མིག་ཅེས་ཀྱང་འབོད་ལ།དེ་ནི་གེ་སར་རྒྱལ་པོའི་མདའ་འཕངས་ནས་བདུད་བཏུལ་པའི་ལྷ་སྒྲུང་ལས་བྱུང་བ་ཞིག་རེད།
དགའ་ལྡན་དགོན་པའི་བརྗིད་ཉམས། དགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་གྲགས་ཆེ་བ་ཞིག་ཡིན་ལ།དགའ་ལྡན་དང་འབྲས་སྤུངས།སེ་ར་བཅས་ནི་བོད་ལྗོངས་ཀྱི་དགོན་པ་ཆེན་པོ་གསུམ་ཡིན།བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པའི་ཆོས་ཁྲི་ཤུལ་འཛིན་པ་དང་། སྐབས་རིམ་བྱུང་གི་དགེ་ལུགས་པའི་དགའ་ལྡན་ཁྲི་པ་དགོན་པ་དེར་བཞུགས་ཡོད།
ཡར་ཀླུང་གཙང་པོ་འབབ་རྒྱུད་ཀྱི་སྟོན་ལྗོངས། ཡུལ་ལྗོངས་དེ་ནི་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་གནས་ཡོད།
པ་སྣམ་གྱི་ཞིང་སྡེའི་མཛེས་ལྗོངས། ཞིང་ཁའི་ནང་དུ་ནས་ཕུང་གིས་བཀང་ཞིང་ག་ས་གང་དུ་ལོ་ལེགས་བཟང་བོའི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་འདུག པ་སྣམ་རྫོང་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཡར་འབྲོག་གཡུ་མཚོའི་མཚམས་སྤྲིན།མཚོ་འདི་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་གི་ཁོངས་སུ་ཡོད།བོད་ལྗོངས་ཀྱི་བླ་མཚོ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན། ཧི་མ་ལ་ཡའི་བྱང་ངོས་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་དེ་ཡང་ཡིན།
ཁ་རུབ་ལ་འཁྱགས་རོམ་འདབས་ཀྱི་བོད་ལུག བོད་ལུག་ནི་བོད་ལྗོངས་དང་མཚོ་སྔོན་དུ་ཁྱབ་རྒྱ་ཆེ་ཤོས་དང་གྲངས་འབོར་མང་ཤོས་ཀྱི་ཕྱུགས་རིགས་ཀྱི་གྲས་ཤིག་རེད།བོད་ལུག་ལ་གངས་ལུག་དང་རོང་ལུག་གཉིས་སུ་དབྱེ་ཚུལ་ཡོད།
ཡར་འབྲོག་གཡུ་མཚོ་དང་འདམ་ར་དམར་པོ།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཙམ་ཡོད་པའི་བོད་ལྗོངས་ལྷ་མོ་བླ་མཚོའི་ཉེ་འགྲམ་ན་འཚོ་བའི་ཤྭ་བ་དམར་པོ།ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན། ཤྭ་བ་དམར་པོ་ནི་ཚན་རིག་མཁས་ཅན་གྱིས་ཐོག་མར་ལོ་150ཡི་གོང་དུ་ཤེས་རྟོགས་བྱུང་བར་བཤད་ཅིང་།《སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ནང་བཅུག་ཡོད་པ་རེད།
ལྷ་མོ་བླ་མཚོ་སྟེང་ཕྱོགས་ན་བཀྲ་ཤིས་རླུང་རྟ་འཕྱོ།
བདེ་མོ་ལ་རི་འདབས་ཀྱི་མཛེས་ལྗོངས། འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ཁོངས་སུ་ཡོད།
རྫ་ཡུལ་གྱི་མུ་ཏིག་ལྟ་བུའི་མཚོའི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག
རྨ་བྱ་རི་བོའི་ཡུལ་ལྗོངས། འཇོལ་ཀུང་གཞུང་ལམ་དེ་རྨ་བྱ་རི་བོ་བརྒྱུད་ཅིང་། བདེ་ཆེན་འཇོལ་རྫོང་དང་ནུའུ་ཅང་ཀུང་ཧྲན་རྫོང་གཉིས་སྦྲེལ་མཐུད་བྱས་ནས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་ཏུ་གྲུབ་ཡོད།