ཞིབ་འཇུག་པས་ཉ་འདིའི་ཉ་ཤ་རྗེན་ཟ་བྱ་མི་རུང་ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-15   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

       ཉིན་ཤས་གོང་། པེ་ཅིན་གྱི་ཞིན་ཧྥ་ཏི(新发地)ཚོང་ཁྲོམ་གྱི་དངོས་རྫས་ལ་དཔྱད་ཞིབ་ཚད་ལེན་བྱས་པས། ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སན་ཝུན་ཉ(三文鱼)ལ་ཏོག་གསར་ནད་དུག་ཡོད་པ་ཤེས་རྟོགས་བྱུང་། ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་རིམས་ནད་རིག་པའི་དེ་སྔའི་དབུ་བཞུགས་ཞིབ་འཇུག་པ་ཙེང་ཀོང་གིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས་ཕྱི་ནད་ནང་སིམ་དང་ནང་ནད་བསྐྱར་ལོག་འགོག་དགོས་ཞེས་བཤད་པ་ཡིན་མོད། པེ་ཅིན་ཞིན་ཧྥ་ཏིའི་ཚོང་ཁྲོམ་དུ་ཐོན་པའི་ནད་པ་འདི་དག་ཕྱི་ནད་ནང་སིམ་དང་ནང་ནད་བསྐྱར་ལོག་གང་ཡིན་རྩད་གསལ་པོ་གཅོད་དགོས་ཏེ། སན་ཝུན་ཞ་སོགས་ཐོན་རྫས་ཁག་གཅིག་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཚོང་རྫས་དང་འབྲེལ་བ་འདུག་ལ། དེ་དག་གི་གྲང་ཉར་ཁོར་ཡུག་ནད་དུག་འཚོ་གནས་ལ་འཚམ་པ་ཡིན་ཡང་སྲིད་ཅེས་བཤད། ཁོང་གིས་ད་དུང་། མི་ཚོ་སན་ཝུན་ཉ་རྗེན་ཟ་བྱ་རྒྱུར་དགའ་བོ་ཡོད་པས་ངེས་པར་དུ་མཐོང་ཆེན་བྱ་དགོས་པ་དང་། མིག་སྔར་དཔྱད་འབྲས་གདགས་གཤིས་སུ་མངོན་པ་དག་དོན་དངོས་སུ་མི་ལས་འགོས་མཆེད་བྱུང་བའམ་ཡང་ན་གཞན་ལས་བྱུང་པའང་རྟོགས་ཐུབ་མེད་པས་ན། གནས་ཚུལ་རྩད་མ་ཆོད་གོང་ཚང་མས་སན་ཝུན་ཉ་ཡི་ཉ་ཤ་རྗེན་ཟ་བྱེད་མི་རུང་ཚུལ་བསྟན་ཡོད།