བདེ་ཐང་ལ་གནོད་པའི་ཆུ་རིགས་ལྔ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-25   རྩོམ་ཁུངས།    བོད་ཀྱི་གསོ་རིག་འཕྲིན་སྟེགས།

    ཆུ་ནི་འཚོ་བ་ལ་མེད་དུ་མི་རུང་བའི་འཚོ་རྟེན་ཞིག་ཡིན་ལ། ས་སྒང་རིལ་བོ་འདིའི་ཐོག་ཏུ་ཆུ་ཡོད་པའི་གནས་དེར་ཚེ་སྲོག་འཚོ་བ་ནི་ཆོས་ཉིད་དུ་གྱུར་འདུག ཚེ་སྲོག་ཡོད་དོ་ཅོག་ཆུ་དང་སྐད་ཅིག་ལ་འབྲལ་ཐབས་མེད་ལ། ཆུ་ནི་སྐྱེ་འགྲོ་ཡོངས་ལ་ཧ་ཅང་མཁོ་ཉག་ཆེ་བའི་རིན་པོ་ཆེ་ཞིག་ཡིན། ཡིན་ནའང་། ང་ཚོས་རྒྱུན་ལྡན་འཚོ་བའི་ནང་ཆུ་འཐུང་སྐབས་སམ་ཡང་ན་ཆུ་བེད་སྤྱོད་སྐབས། བདེ་ཐང་ཤེས་བྱ་ལ་དོ་སྣང་བྱ་དགོས་པ་དེ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། དེ་བས་གཤམ་དུ་བཏུང་ན་ལུས་ཁམས་བདེ་ཐང་ལ་གནོད་པ་ཚབས་ཆེན་ཡོད་པའི་ཆུའི་རིགས་ལྔ་ངོ་སྤྲོད་རགས་ཙམ་ཞིག་བྱེད།

གཅིག འཁྱིལ་ཆུ།

   ཡུན་རིང་ལ་འཁྱིལ་ནས་བཞུར་མི་ཐུབ་པའི་ཆུ། ཆུ་འདིའི་རིགས་འཚར་ལོངས་འབྱུང་བཞིན་པའི་བྱིས་པས་བཏུང་ན། ཕྲ་ཕུང་རྙིང་ཚབ་གསར་བརྗེ་བྱེད་པར་བར་ཆད་བཟོ་ཞིང་། ལུས་པོར་གཉོམ་ལག་རྒྱས་པར་འགལ་རྐྱེན་མི་ཉུང་བ་ཐེབས་སྲིད། རྒན་པ་དང་དར་མ་དག་གིས་བཏུང་ན། རྒས་སླ་ཞིང་། འབྲས་སྐྲན་གྱི་ནད་ཕོག་པའི་རྐྱེན་དུ་འགྱུར་སྲིད།

གཉིས། ཡུན་རིང་ལ་གདུས་པའི་ཆུ། 

   དུས་ཡུན་རིང་པོར་ལྕགས་ཐབས་དང་། ཡང་ན་གློག་ཆས་ཀྱི་སྟེང་ནས་བསྐྱར་ཁོལ་བྱས་པའི་ཆུ། དེ་རིགས་ཀྱི་ནང་གི་རླངས་པར་གྱུར་ནས་ཡལ་མི་ཐུབ་པའི་རྫས། དཔེར་ན། ཀལ་དང་མཱེ་སོགས་ལྕགས་རིགས་འདྲེས་པའི་རྫས་དང་ཡཱ་ཤོ་ཚྭ་སྐྱུར(亚硝酸盐)སོགས་ཇེ་མང་དུ་གྱུར་ནས། མིའི་འཇུ་བྱེད་མ་ལག་གི་ནུས་པ་ཞན་དུ་གཏོང་བ་དང་། དུག་འགྱུར་ཅན་གྱི་ཡཱ་ཤོ་ཚྭ་སྐྱུར་གྱིས་མིའི་ལུས་ཀྱི་དབྱང་མེད་པར་བཟོ་སྲིད།


གསུམ། རླངས་བཙོས་བྱས་པའི་ཆུ།

   ཕྱེ་ཐོ་སོགས་བླངས་རྗེས་ཀྱི་ཆུ་སྟེ། མདོར་ན་བེད་སྤྱད་ཟིན་པའི་ཆུ། སླར་ཡང་བེད་སྤྱོད་བྱས་ན། གོང་ལྟར། ཡཱ་ཤོ་ཚྭ་སྐྱུར་གྱི་ཚད་ཇེ་མང་དུ་སོང་ནས། འཇུ་བྱེད་མ་ལག་དང་དབང་རྩའི་མ་ལག གཅིན་ཟགས་མ་ལག ཁྲག་སྐྱེད་མ་ལག་སོགས་ལ་ནད་སློང་བ་དང་ནུས་པ་ཉམས་སུ་འཇུག་སྲིད།

བཞི། མ་ཁོལ་བའི་ཆུ།

   དེང་སང་གྲོང་པའི་ནང་གི་མི་མང་པོའི་བཏུང་ཆུ་ནི་རང་འབབ་ཆུ་སྟེ། ལྦུ་གུ་ལས་བརྒྱུད་པའི་ཆུ་ཡིན་ཕྱིར། ཆུ་དེ་དག་དབྱང་འགྱུར་དུག་སེལ་བྱས་པའི་ཆུ་ཡིན་ལ། དབྱང་གིས་དུག་སེལ་བྱེད་པར་རྫས་བཅུ་གསུམ་འདུས་ཡོད་ལ། དེ་དག་ཁོལ་ནས་རྫས་དེ་དག་ཡལ་དུ་འཇུག་དགོས་པ་ལས། མ་ཁོལ་བར་བཏུང་ན་ནད་རིགས་མང་པོ་སློང་རྐྱེན་བྱེད།

ལྔ། དམ་བེའི་ནང་གི་ཆུ་ཁོལ།

   ཆུ་ཁོལ་དམ་བུ་སོགས་ཀྱི་ནང་དུ་བླུགས་པའི་ཆུ་དེ། ཡང་བསྐྱར་ཁོལ་དུ་བཅུག་ནས་བཏུང་ན། ཆུ་རྡུལ་ཡང་ཡང་ཡལ་དུ་བཅུག་པས། ཡལ་མི་ཐུབ་པའི་ཡཱ་ཤོ་ཚྭ་སྐྱུར་ཇེ་མང་དུ་སོང་ནས་མིའི་ལུས་པོའི་བདེ་ཐང་ལ་གནོད་པ་ཆེ།