སྨན་བཅོས་འགན་བཅོལ་ལ་འགྱུར་ལྡོག་གསར་པ་འདི་འདྲ་གཏོང་རྒྱུ་རེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-03   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        1.ཉིང་སྐྱུར་བརྟག་དཔྱད་ཀྱི་འགྲོ་གྲོན་སྨན་བཅོས་འགན་བཅོལ་ནས་གཏོང་རྒྱུ།

        ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་དགོས་མཁོ་དང་ས་ཆ་དེ་གའི་སྨན་བཅོས་འགན་བཅོལ་ཐེབས་རྩ་ནས་དངུལ་སྤྲོད་པའི་ནུས་པ་སོགས་ལ་གཞིགས་ནས། ཏོག་གསར་ནད་དུག་ལ་དམིགས་པའི་ཉིང་སྐྱུར་བརྟག་དཔྱད་དང་། དུག་སྲིན་འགོག་རྫས་ཀྱི་བརྟག་དཔྱད། འབྲེལ་ཡོད་སྨན་རྫས་ཀྱི་འགྲོ་སོང་བཅས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་བྱེད་ཁོངས་སུ་བཅུག་པ་དང་འབྲེལ། དུས་གཅིག་ཏུ་སྨན་བཅོས་འགན་བཅོལ་ནས་འགྲོ་གྲོན་གཏོང་བའི་ཆ་རྐྱེན་གཏན་འཁེལ་བྱས་པ། 

        2.མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་རོགས་སྐྱོར་གྱི་ཚད་གཞི་སྤར་བ།

        2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་རོགས་སྐྱོར་གྱི་ཚད་གཞི་སྒོར་30སྤར་ནས་མི་རེར་ལོ་རེར་སྒོར་550ལས་མི་དམའ་བ་དང་། རྩ་དོན་ཐོག་ནས་མི་སྒེར་གྱིས་འགན་སྲུང་དངུལ་འཇལ་བའི་ཚད་གཞི་ཡང་དུས་གཅིག་ཏུ་སྒོར་30མཐོ་རུ་བཏང་བས་མི་རེར་ལོ་རེར་སྒོར་280ཟིན་རྒྱུ་རེད།

        3.ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་གཅོང་ནད་དང་དམིགས་བསལ་ནད་ཕོག་མཁན།

         སྒོ་བསྟེན་སྨན་ཁང་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་པར་སྨན་སྤྲོད་པའི་འགན་སྲུང་ལམ་སྲོལ་སོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་གྱི་ནད་ཕོག་པར་འགན་སྲུང་དང་། ངོས་འཛིན་གཏན་འཁེལ། གོ་རིམ་བཅས་ཚད་ལྡན་དང་སྟབས་བདེ་རུ་གཏོང་རྒྱུ།

        4.སྨན་ཁང་དུ་སྡོད་པ་དང་ནད་ཆེན་ཕོག་མཁན། 

        སྨན་ཁང་དུ་སྡོད་མཁན་གྱི་ཆ་རྐྱེན་ཡག་ཏུ་བཏང་ནས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་གཏོང་ཚད་70%ཟིན་པ་བྱ་རྒྱུ།

        ནད་ཆེན་ལ་འགན་བཅོལ་ནས་འགན་ལེན་བྱེད་ཚད་བརྟན་དུ་གཏོང་རྒྱུ། དངུལ་ཐོག་མར་སྤྲོད་པའི་ཚད་གཞི་དམའ་རུ་བཏང་སྟེ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ཕྱེད་ཀར་སླེབས་པ་བཟོས་ཏེ་སྲིད་ཇུས་ཁྱབ་ཁོངས་ནས་སྨན་རིན་སྤྲོད་པའི་ཚད་གཞི་60%བར་མཐོ་རུ་བཏང་ཐོག ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཚད་གཞི་མཐོ་ཤོས་མེད་པ་བཟོ་བར་སྐུལ་མ་གཏོང་རྒྱུ།

        5.འཚོ་བར་དཀའ་ངལ་ཡོད་པའི་ནད་པ།

        དམིགས་བསལ་དཀའ་ངལ་ཡོད་མཁན་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་བཅས་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་ཞུགས་པར་རིགས་དབྱེའི་རོགས་སྐྱོར་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་འགན་བཅོལ་ནས་འགྲོ་གྲོན་གཏོང་དགོས་རིགས་ཚང་མ་གཏོང་གང་ཐུབ་བྱ་རྒྱུ།

        དབུལ་སྒྲོལ་འགག་སྒྲོལ་རིང་། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོས་དངུལ་ཐོག་མ་སྤྲོད་པའི་ཚད་གཞི་དེ་གྲོང་མི་དཀྱུས་མ་ལས་ཕྱེད་ཀས་དམའ་བ་བྱས་ཏེ་གཏོང་སྤྲོད་བསྡུར་ཚད་ཀྱི་བརྒྱ་ཆའི་གྲངས་5སྤོར་རྒྱུ་དང་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་སྨན་བཅོས་འགན་བཅོལ་ནས་དངུལ་སྤྲོད་པའི་ཚད་གཞི་མཐོ་ཤོས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ།

        6.ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཡོང་བའི་ནད་པ།

        ཡུལ་གཞན་དུ་སྨན་བཅོས་བྱེད་པའི་མཇུག་རྩིས་ལམ་ལུགས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ། ཡུལ་གཞན་དུ་སྨན་བཅོས་བྱེད་དུས་སྨན་རིན་རྩིས་རྒྱག་སོགས་ཀྱི་ལས་སྒོར་མཐུན་སྦྱོར་དང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ལས་སྟེགས་ཀྱིས་གཅིག་གྱུར་ཐོག་ཐོ་འགོད་པའི་ཚོད་ལྟའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཆ་རྐྱེན་དང་འཚམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་ཞུགས་མི་སྣར་ཞིང་ཆེན་གཞན་ནས་སྨན་བཅོས་མཇུག་རྩིས་རྒྱག་པའི་ཞབས་ཞུ་གཅིག་གྱུར་ཐོག་ལོངས་སུ་སྤྱོད་ཆོག་པ་བྱ་རྒྱུ།

        སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་ཞིང་ཆེན་གཞན་ནས་ཐད་ཀར་མཇུག་རྩིས་རྒྱག་ཆོག་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ།

        7.སྤྱི་ཚོགས་འགན་བཅོལ་གཱ་འཁྱེར་མེད་རུང་སྨན་བཅོས་འགན་བཅོལ་ཐུབ་པ།

        རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཅུས་ཀྱི“སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན”རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེར་བཏོན་ཡོད་པས། ཨང་ཀི་བཀག་པ་དང་། སྨན་རིན་སྤྲོད་པ། སྨན་ཉོ་བ་ལ་སོགས་སྨན་བཅོས་དང་འབྲེལ་བའི་ལས་སྒོ་ཚང་མ་གཉེར་ཐུབ་ཀྱི་ཡོད། མིག་སྔར་སི་ཁྲོན་དང་མཚོ་སྔོན་སོགས་སུ་སྤྱོད་འགོ་ཚུགས་པ་དང་དེ་མིན་གྱི་ས་ཁུལ་ལའང་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་རེད།