སྔོ་ཚལ་ཁག་གཅིག་སོས་པར་ཉར་སྟངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-08   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་།

ཀོ་ཕིག་ལྗང་ཁུ(西兰花)དང་ཇིན་ཚལ(芹菜)ངོས་ཀྱི་ཆུ་ཟིལ་རྡབ་རྡབ་བཏང་རྗེས། སོས་ཉར་འགྱིག་ཤོག་གིས་གཏུམས་ནས་བསིལ་སར་བཞག་ན་འགྲིག

རྗེན་ཚལ(生菜) ལོ་མའི་སྟེང་གི་ཆུ་རྣམས་བསིགས་ནས་སོས་ཉར་འགྱིག་ཤོག་གིས་བསྒྲིལ་ཏེ་བསིལ་སར་ཉར་ན། གཟའ་འཁོར་གཅིག་ཙམ་སོས་པར་སྡོད་ཀྱི་ཡོད། 

བསོད་ནམས་དཔལ་འཛོམས། གཙང་མ་བཀྲུས་ནས་ཆུ་རྡབ་རྡབ་གཏོང་བ་དང་། དེ་རྗེས་དུམ་བུར་གཏུབས་ནས་འཁྱག་གཏོང་ཡོ་བྱད་ནང་དུ་བླུག་པ་དང་ཆབས་ཅིག སྐྱུ་རུའི་སྣུམ་བླུགས་ནས་འཁྱག་སྒམ་ནང་བཞག་ན་སོས་པར་སྡོད་ཀྱི་ཡོད། 

ཤ་མོ། ཤ་མོ་སོས་པ་ཡག་ཤོས་བྱུང་ན་ཤོག་བུས་བསྒྲིལ་ཏེ་འཁྱག་སྒམ་ནང་བླུགས་དགོས། གལ་ཏེ་འགྱིག་ཤོག་ནང་དུ་བླུགས་ནས་ཡུན་རིང་པོ་བཞག་ཚེ་ཧམ་སྤུ་རྒྱག་ཉེན་ཆེན་པོ་ཡོད། 


ལ་ཕུག ལ་ཕུག་སོས་པར་ཉར་འདོད་ན། ངེས་པར་དུ་ལོ་མ་གཏུབས་ནས་འཁྱག་སྒམ་ནང་དུ་བླུག་དགོས། 

ཀེའུ་ཚལ། ཤོག་བུའམ་ཡང་ན་པད་ཚལ་དཀར་པོའི་ལོ་མས་བསྒྲིལ་ཏེ་བསིལ་ས་དང་བཞའ་ཚན་ཆེ་སར་བཞག་ན། ཉིན་ཁ་ཤས་སོས་པར་སྡོད་ཀྱི་ཡོད། 


རྡོ་ལུ་མ། རྒྱུན་གཏན་གྱི་དྲོད་ཚད་འོག་ཏུ་ལས་སླ་པོར་འཕྲོག་བརླག་འགྲོ་གི་མེད། གལ་ཏེ་རྦད་དེ་སྨིན་ན་གཞི་ནས་འཁྱག་སྒམ་ནང་དུ་བླུག་དགོས། 

ཞོག་ཁོག ཞོག་ཁོག་དང་ཀུ་ཤུ་མཉམ་དུ་བཞག་ན། མཆེ་བ་གཏོང་འགོར་པོ་ཡོད། 


པད་རྩ། པད་རྩའི་འདམ་བག་རྣམས་གཙང་མར་བཀྲུས་ནས། ཆུའི་ནང་དུ་བཞག་ན་ཉིན་1ནས་2བར་སོས་པར་ཉར་ཐུབ་ཀྱི་འདུག

ཙོང་རིལ། འགྱིག་ཤོག་ནང་དུ་བླུགས་ནས་རྒྱུན་ལྡན་གྱི་དྲོད་ཚད་འོག་ཏུ་དང་། སྐམ་ཤས་ཆེ་ལ་རླུང་འགྲོ་ཡག་སར་བཞག་ན་འགྲིག་གི་ཡོད། གལ་ཏེ་ཙོང་རིལ་དང་ཞོག་ཁོག་མཉམ་དུ་བཞག་ན་རུལ་མགྱོགས་པོ་ཡོད། 

སྒ་སྨུག རྒྱུན་གཏན་གྱི་དྲོད་ཚད་འོག་ཏུ་འཇོག་པ་མ་ཟད། རླུང་འགྲོ་ཡག་པོ་དགོས་ལ་སྐམ་ཤས་ཆེ་སར་འཇོག་དགོས། ད་དུང་བྱེ་མའི་དཀྱིལ་དུ་བཅུག་ན་དེ་ལས་ཡག་པ་ཡོད།


སྒོག་པ། བསིལ་ས་དང་། སྐམ་ཤས་ཆེ་ས། རླུང་འགྲོ་ཡག་སར་བཞག་ན་ཆོག