རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་3ཉིན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཁྲང་ཀེ་ལུའོ་ཕུག་ལམ་ཁྱོན་ཡོངས་ནས་ཕུག་རྗེས། ཟླ་7ཚེས་9ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་20ཐོག་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཐུའུ་ཀོན་གྲོང་སྡེའི་ཕུག་ལམ་གཡས་ངོས་བདེ་བླག་ངང་ཕུག་ཚར་བ་རེད།
ད་ལྟ་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨར་ལས་བཟོ་སྐྲུན་ཁུལ་དྲུག་པའི་ཕུག་ལམ་ཚང་མ་ཕུག་ཚར་བ་མ་ཟད།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨར་ལས་བཟོ་སྐྲུན་ཁུལ་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་ཕུག་ལམ་ཚང་མ་ཕུག་ཚར་པས།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།
ཐུའུ་ཀོན་གྲོང་སྡེའི་ཕུག་ལམ་ནི་བདེ་ཆེན་ཁུལ་གྱི་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གནས་ཡོད་ལ།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་དང་ཉམས་ཞན་གྱི་ས་ཁོངས་སུ་གནས་ཡོད། ཕུག་ལམ་གྱི་གཡོན་ངོས་སྤྱིའི་རིང་ཚད་ལ་སྨི་1120ཡོད་པ་དང་། གཡས་ངོས་ཀྱི་སྤྱིའི་རིང་ཚད་ལ་སྨི་1085ཡོད། རི་ལྡེབས་ཀྱི་དཀྱིལ་སྨད་ནི་རི་མཐོའི་གྲོག་རོང་གི་ས་དབྱིབས་ཡིན་པས་བསླད་སྐྱོན་དང་བཤུ་ཟད་ཐེབས་སླ་བ། ས་བབ་བལྟོས་བཅས་ཀྱིས་གཟར་པོ་ཡོད་པ་དང་། བྲག་ཁུང་གི་ཁ་གྱེན་ངོས་གཟར་ཡིན་པ། ལོ་འཁོར་མོར་ཆུ་སིམ་པ། ཕྱོགས་བསྡུས་ཀྱིས་ཉེན་ཁའི་རིམ་པ་འབྲིང་བར་དཔྱད་བསྡུར་གཏན་འབེབས་བྱས་ཡོད།
སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པ་མ་ཟད།ཡུན་ནན་གྱི་ས་བབ་ཆེས་མཐོ་བའི་མྱུར་བགྲོད་གཞུང་ལམ་ཞིག་ཀྱང་ཡིན།གཞུང་ལམ་འདི་ལྷོ་ཕྱོགས་ཀྱི་ཡུལ་གསུམ་གྲོང་སྡེ་ནས་པའེ་ཧན་ཁྲང་བར་འབྲེལ་མཐུད་བྱས་ཡོད་ལ།གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་140.305དང་།ལམ་ཐིག་གཙོ་བོའི་རིང་ཚད་སྤྱི་ལེ་124.55ཡོད།
སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་རྗེས་རྒྱལ་ཁབ་དང་ཡུན་ནན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བ་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་།ས་ཁོངས་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་ཆ་རྐྱེན་ལེགས་བཅོས་བྱས་ཡོད།ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ཐོན་ཁུངས་མཉམ་འགུལ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཀྱི་“ཤམ་བྷ་ལ་ཆེན་པོའི་”ཡུལ་སྐོར་མུ་ཁྱུད་བསྐྲུན་ནས།ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ཏེ། ཡུན་ནན་བོད་ཁུལ་དུ་སྤུས་ཚད་མཐོ་བའི་མཆོང་སྐྱོད་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ།