སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་20ཉིན་འཚོགས་པའི་བདེ་ཆེན་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་ནས་གནས་ཚུལ་འབྱོར་བར་གཞིགས་ན། མིག་སྔའི་བར་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཚད་གཞི་ཕྱོགས་ཡོངས་ནས་ལོན་པ་དང་།མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4000ཡན་ཟིན་ཡོད། ཕྱོགས་བསྡུས་དབུལ་པོ་ཐོན་ཚད་2015ལོའི་16.22%ནས་2019ལོའི་ལོ་མཇུག་གི་0.38%བར་ཆག་ཡོད་པ་རེད།

      ཉིན་དེར། སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ནུས་ལྡན་གྱི་ཆེད་དོན་འཛིན་གྲྭ་སྒྲིག་འཛུགས་བྱས་ནས་ཀྲུང་གུང་བདེ་ཆེན་ཁུལ་ཨུ་་དྲིལ་བསྒྲགས་པུའུ་དང་ཁུལ་དབུལ་སྐྱོར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཏེ་རིམ་པ་ཁག་གི་གསར་འགྱུར་སྨྱན་སྦྱོར་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

      དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་། “6、10、5”བཅས་ཀྱི་དམིགས་ཚད་མ་ལག་ལ་དམིགས་ནས“ཉིན་བརྒྱའི་མཉམ་རུབ་དམག་འཐབ་ལྔའི”འགག་སྒྲོལ་དབུལ་སྒྲོལ་སྔ་རྗེས་སུ་ལག་བསྟར་བྱས་པ་རེད། “ལྟ་སྐུལ་”ལ་བརྟེན་ནས་“དམག་འཁྲུག་”ལ་སྐུལ་འདེད་བཏང་། “འདུ་འགོད་ཆེན་པོ་དགུ”ལ་བརྟེན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རིམ་སྤོར་བྱས་པས་དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། གཅིག་ནི་ཐོན་ལས་དབུལ་སྒྲོལ་འདུ་འགོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཉིས་ནི་རིམ་རྩིས་བྱས་ན་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་མི་ཐེངས་15853ལ་གསོ་སྦྱོང་བྱས་པ་རེད། མི་8955ལས་ཞུགས་གཞན་སྒྱུར་བྱས་པ་དང་ངལ་ནུས་དབུལ་པོ་ལས་ཞུགས་གཞན་སྒྱུར་བྱེད་ཚད་82.48%ཟིན་ཡོད་པ་རེད། གསུམ་ནི་གྲོང་ཁྱེར་དེས“50ཡོད་པའི”བླང་བྱ་ལྟར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་15དང་། སྤྱི་པའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། རྗེས་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱས་ཡོད། བཞི་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་སྲིད་ཇུས་དོན་འཁྱོལ་བྱེད་པ་ཕུད། གྲོང་ཁྱེར་དེས་སློབ་གསོའི་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་བཏོན་ནས་རིམ་རྩིས་བྱས་ན་སློབ་གསོའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་6བཏང་ཡོད། ས་མཐོའི་ཞིང་འབྲོག་པའི་བུ་ཕྲུག་གི་སློབ་མའི་འཚོ་བའི་ཁ་གསབ་སྤྲད་པ་དང་ལོ་བཅུ་བཞིའི་སློབ་ཡོན་མི་དགོས་པའི་སློབ་གསོ་དོན་འཁྱོལ་བྱས་པས་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་གྲྭར་ཞུགས་ཚད་100%ཟིན་ཡོད་པ་རེད། ལྔ་ནི་སྣོད་བཅུད་ཞིང་ཕན་དང་སྣོད་བཅུད་ཐོན་ལས་ཀྱི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་ཕུད་དབུལ་སྒྲོལ་མི་འབོར་45000ལ་སྣེ་ཁྲིད་བྱས་པ་རེད། དྲུག་ནི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་དང་ནད་ཆེན་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ། བདུན་ནི“རིགས་བཞིའི”གཙོ་གནད་བྱ་ཡུལ་གྱི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭར་མང་ཚོགས་བློ་བདེ་པོ་ཡོང་བ་བྱས་པ། བརྒྱད་ནི་རྒྱལ་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ”ཀྱི་དཔེ་སྟོན་རྫོང་གཏོད་པའི་ལས་དོན་ལེགས་སྒྲུབ་བྱས་ནས་གློག་ཤུགས་དང་། དྲ་ཆེན་དྲ་རྒྱ་བཅས་ཚང་མར་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད། དགུ་ནི་གྲོང་ཁྱེར་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་13330ལ་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱས་པ་དང་ལོ་60ཡན་གྱི་མི་འབོར་དབུལ་པོ་100%རྒན་གསོའི་འགན་བཅོལ་ལེན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་“ལས་གྲྭ་ཆེན་པོ་དགུ་”ལག་བསྟར་བྱས་པ་བརྒྱུད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2015ལོའི་སྒོར་དུང་ཕྱུར་99.3ནས་2019ལོའི་སྒོར་དུང་ཕྱུར་152.6བར་འཕར་བ་དང་ལོར་ཆ་སྙོམས་འཕར་ཚད་10.23%ཟིན་ཡོད།