སྐབས་བརྒྱད་པའི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དད་ནས་དུས་རབས་གསར་པ་དང་བདེ་ཆེན་གསར་པའི་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

སྐབས་བརྒྱད་པའི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་གསུང་བཤད་གནང་།



        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

        (2020ལོའི་ཟླ་8པའི་ཚེས་5ཉིན་ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་།)

        ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་2020ལོའི་ཟླ་8པའི་ཚེས་5ཉིན་སེམས་ཀྱི་ཉི་ཟླར་འཚོགས་པ།

        ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་ཨུ་ཡོན་26དང་རྗེས་སྣོན་ཨུ་ཡོན་4ཞུགས་ཡོད་པ་དང་།  ཁུལ་སྒྲིག་ཨུའི་ཨུ་ཡོན་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

        ཚང་འཛོམས་གྲོས་ཚོགས་ནི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་།  ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་གྲོས་ཚོགས་ལ་སྙན་སེང་ཞུས་ཏེ།   ད་ལོའི་ལོ་སྟོད་ཀྱི་གཙོ་གནད་ལས་ཀ་ཕྱོགས་བསྡོམས་གནང་བ་དང་།  ལོ་སྨད་ཀྱི་ལས་ཀའི་འགན་འཁྲི་གཙོ་བོ་བཀོད་སྒྲིག་གནང་།   ཡིག་ཐོག་ནས་《2020ལོའི་ལོ་སྟོད་ཀྱི་ཁུལ་ཡོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ལོ་སྨད་ཀྱི་ལས་ཀའི་བྱ་ཐབས་གྲོས་འགོ》བརྡ་ཁྱབ་བཏང་བ་རེད།

        གྲོས་ཚོགས་ཐོག་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལོ་སྟོད་ཀྱི་ལས་ཀ་ལ་ཁེས་ལེན་གང་ལེགས་གནང་བ་དང་།  ངོས་འཛིན་གཅིག་མཐུན་བྱུང་དོན། ད་ལོ་ནས་བཟུང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཡོངས་གོང་འོག་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ། དབུལ་སྒྲོལ་འགག་སྒྲོལ། མི་རིགས་མཐུན་སྒྲིལ། བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་ཀ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཡོད་པ་དང་།  བརྟན་ལྷིང་དྲུག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ནས་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱས་ཡོད།

        གྲོས་ཚོགས་ཐོག་བསྟན་དོན།    གནས་བབ་ཡང་དག་འཚོལ་དགོས་པ་དང་དུས་བབ་དང་བསྟུན་ནས་དུས་རབས་གསར་པ་དང་བདེ་ཆེན་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཁྲིམས་ལྟར་ཁུལ་སྐྱོང་། མི་རིགས་འདྲ་མཉམ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ། རིག་གནས་ཀྱི་བླ་སྲོག་འདུ་རྒྱུ། མི་དམངས་གོང་དུ་བཀུར་བ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། ཡུན་ནན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲལ་འགོའི་དམག་གི་མིག་དཔེ་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤུགས་རྐྱེན་ཐེབས་ཤུགས་མངོན་དགོས།

        གྲོས་ཚོགས་ཐོག་བསྟན་དོན།  ལོ་སྨད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཀ་ཡག་པོ་སྒྲུབ་པ་ནི་ཤིན་ཏུ་གལ་འགངས་ཆེ་ལ།  ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་བརྟག་དཔྱད་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞིང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རིམས་འགོག་དང་། དབུལ་སྒྲོལ། འཕེལ་རྒྱས། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་དམག་འཐབ་དྲག་པོ་བཞི་ཡག་པོ་རྒྱག་དགོས།  བརྟན་ལྷིང་དྲུག་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། འགན་ལེན་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་ཡོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པར་འགན་ལེན་བྱེད་དགོས། GDPའཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་འགན་ལེན་བྱེད་དེ་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་པ་དང་པོ་ཡག་པོ་སྤོས་དགོས།

        གྲོས་ཚོགས་ཐོག་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཁ་གཏད་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་རྣམ་པ་བཟང་པོ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།  བརྟན་ལྷིང་དྲུག་དང་འགན་སྲུང་དྲུག་ལ་དམིགས་ནས་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བར་འགན་ལེན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྒྱུར་བཅོས་བྱེད་ཐབས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་འགོད་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་པའི་བླང་བྱ་བཏོན།

        གྲོས་ཚོགས་ཐོག་ནན་བཤད་གནང་དོན།  བདེ་ཆེན་གྱི་བྱ་གཞག་ཁག་ཡག་པོ་སྒྲུབ་པ་ནི་གཙོ་བོ་ཏང་ལ་རག་ལས་ཡོད་ལ།  དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱི་པའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་གོ་གནས་ཨང་དང་པོར་བཞག་སྟེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལས་ཀ་ཟབ་སྤེལ་བྱེད་པ་དང་། དུས་རབས་གསར་པ་དང་བདེ་ཆེན་གསར་པ་བསྐྲུན་པའི་ཆེད་དུ་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།

        གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན།  ཁུལ་ཡོངས་གོང་འོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་དགོས་པ་དང་། དེ་བས་དམ་ཟབ་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དགོས།  ཞིང་ཨུའི་འགོ་ཁྲིད་སྟོབས་ལྡན་འོག    ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པའི་དམིགས་འབེན་དང་ལས་འགན་དུས་བཀག་ལྟར་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་བཏོད་དེ་ཏང་ཀྲུང་དབྱང་དང་ཞིང་ཨུད་བློ་ཡིད་ཚིམ་པ་དང་ཁུལ་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་ཕུལ་བྱུང་ལོ་རྒྱུས་ཀྱི་རྒྱུགས་ལན་ཞིག་འབུལ་དགོས།