བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བརྩམས་ཆོས་9ལ་བྱ་དགའ་ཐོབ།

རྩོམ་པ་པོ།   པད་ཚེ། པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2020-08-07   རྩོམ་ཁུངས།   

      ཟླ8པའི་ཚེས2ཉིན་ནས་ཚེས6བར།མདོ་སྨད་མཚོ་ལྷོ་ནས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་འཚོགས་པ་དང་། ཚེས3ནས་ཚེས4ཉིན་ཏེ་དུས་ཡུན་ཉིན་གཉིས་རིང་ཚགས་པར་དང་རྒྱང་སྒྲོག་བརྙན་འཕྲིན།དྲ་རྒྱ་དང་སྨྱན་སྦྱོར་འཕྲིན་གསར་སོགས་གསར་འགྱུར་སྣ་ཚོགས་ཚན་སྐོར་བགོས་ནས་གཟབ་ནན་དང་དྲང་བདེན་གྱི་ངང་ནས་དཔྱད་ཞིབ་བྱས་ལ།བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བརྩམས་ཆོས་9ལ་བྱ་དགའ་ཐོབ་པ་རེད།


དཔྱད་འདེམས་བྱེད་པའི་ཡུལ་དངོས།

     སྐབས་འདིའི་ཚོགས་འདུར་སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་བའི་གསར་འགྱུར་ལེགས་ཤོས་སོགས་རྩོམ་350འབྱོར་ཡོད་དེ།ཚགས་པར་གསར་འགྱུར་དང་དྲ་རྒྱ།སྨྱན་གསར།རྒྱང་སྒྲོག་བརྙན་འཕྲིན་བཅས་རིགས་ཆེན་པོ་གསུམ་འདུས་ཡོད།ཛ་དྲག་གི་དཔྱད་འདེམ་བྱས་པ་བརྒྱུད།བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བརྩམས་ཆོས་9ལ་བྱ་དགའ་ཐོབ་པ་རེད།


བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས།    



     བརྩམས་ཆོས་ཁྲོད་པདྨ་མཚོ་དང་པདྨ་ཚེ་རིང་གཉིས་ཀྱིས་བྲིས་པའི་བདེ་ཆེན་བོད་ཡིག་ཚགས་པར་གྱི་པར་ངོས་ཐད་གནས་པའི་གནད་དོན་རགས་ཙམ་གླེང་བ་ཞེས་པར་གསར་འགྱུར་བརྩམས་ཆོས་དཔྱད་བསྡུར་ཁྲོད་ཚགས་དེབ་དང་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།པདྨ་ཚེ་རིང་དང་པདྨ་མཚོ་གཉིས་ཀྱིས་བྲིས་པའི་བོད་ལྗོངས་སུ་བསྐྱོད་པའི་མཐོང་ཐོས་ཞེས་པར་དྲ་རྒྱ་དང་སྨྱན་སྦྱོར་གསར་བ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།ཚེ་རིང་སྒྲོལ་མ་དང་པདྨ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་གནང་བའི་2020ལོའི་ཟླ5པའི་ཚེས་28ཉིན་གྱི་པར་ངོས་བཞི་པ་ལ་ཚགས་དེབ་དང་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། 


བྱ་དགའ་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས།    




    ཚེ་རིང་དོན་འགྲུབ་ཀྱིས་བྲིས་པའི་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་སྲུང་བྱེད་ཅེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། པདྨ་མཚོ་དང་པདྨ་ཚེ་རིང་གཉིས་ཀྱིས་བྲིས་པའི་ཨ་མ་ལྷ་མོ་ཚང་གི་གནམ་གང་གི་དགོང་ཟས་ཞེས་པར་དྲ་རྒྱ་དང་སྨྱན་སྦྱོར་གསར་བ་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། པདྨ་མཚོ་དང་པདྨ་ཚེ་རིང་གཉིས་ཀྱིས་བྲིས་པའི་སྲིད་ཇུས་བཟང་པོའི་དྲིན་ལས་སྐྱིད་ཀྱི་ཉི་མ་ཤར་ཞེས་པར་ཚགས་དེབ་དང་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།ཚེ་རིང་སྒྲོལ་མ་དང་པདྨ་མཚོ་གཉིས་ཀྱིས་བྲིས་པའི་བདེ་ཆེན་སྐད་ཀྱིས་གཏམ་གསར་བཤད་པ་ཞེས་པའི་ལེ་ཚན་ཁྲོད་གནས་པའི་གནད་དོན་ཅུང་ཙམ་གླེང་བ་ཞེས་པར་ཚགས་དེབ་དང་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།


བྱ་དགའ་ཨང་གསུམ་པ་ཐོབ་པའི་བརྩམས་ཆོས།  


   ཚེ་རིང་སྒྲོལ་མ་དང་པདྨ་ཚེ་རིང་གཉིས་ཀྱིས་བྲིས་པའི་རྒྱལ་ཐང་གི་ལོ་སར་སྔོན་གྱི་གྲ་སྒྲིག་བྱེད་སྲོལ་ཞེས་པར་དྲ་རྒྱ་དང་སྨྱན་སྦྱོར་གསར་བ་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། ཚེ་རིང་དོན་འགྲུབ་ཀྱིས་བྲིས་པའི་བོད་ཡིག་སྐད་འཕྲིན་རྩོམ་སྒྲིག་བྱེད་སྐབས་མཉམ་འཇོག་བྱ་དགོས་པའི་དོན་ཚན་འགའ་གླེང་བ་ཞེས་པར་ཚགས་དེབ་དང་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།